མདོ་ལ་རིང་མའི་ནགས་རྫོང༌། རང་བྱུང་ཆུ་མཛོད་ཆེན་པོ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་ཚིགས། དུས་ཚོད།:2008-05-30 11:55:47 ཀློག་གྲངས།:

   ས་འདི་ལ་སྤང་རི་དང་གཡའ་རི་རྫ་རི་སོགས་སྣ་མང་ཡོད་དེ། རི་བོ་ཆེན་པོ་མྱེས་ལ་གངས་དཀར་དང། ཆོས་ལུང་གངས་དཀར། བཀྲ་ཤིས་ཆོས་ལུང༌། ཨ་མྱེས་བན་གྲུབ། རྣམ་རྒྱལ་རྫ་རྒན ། བོམ་སྔོན་ཨ་མྱེས་དགེ་བརྙེན་སོགས་དཀར་ཕྱོགས་སྐྱོང་བའི་གནས་རི་ཆེན་པོ་ས་འདིར་ཁྱབ་ཏེ། རྫ་རི་ཉི་ཟླའི་རྣ་རྒྱན་ཅན།།གཡའ་རི་སྨུག་པོ་ན་བུན་གོས་སུ་གྱོན༌།། བྲག་རི་རིན་ཆེན་སྤུངས་འདྲ་བརྟན་ཞིང་བརྗིད།།ནགས་རི་ལྗོན་པ་སྣ་མང་རྒྱན་གྱིས་མཛེས།།སྤང་རི་དུས་བཞིའི་ཆོན་གྱིས་རང་མདངས་གསལ།། རི་བོ་ཆེན་པོ་མེས་ལ་གངས་དཀར་དང་ཆོས་ལུང་གངས་དཀར་སོགས་སྐྱོང་བའིགནས་རི་བཅུ་གསུམ་སོགས་ཀྱི་རྩ་བ་རབ་བརྟན་གསེར་གྱི་འཁོར་ལོ་གནོན།རྩེ་མོ་འོད་གསལ་ཨ་སྔོན་དབྱིངས་སུ་སྙེགས།དཔའ་རིས་ས་ཆར་ནགས་ཚལ་གྱི་རྒྱ་ཁྱོན་རྨིད་ཁྲི་ཚོ་༢༧༨ལྷག་ཡོད་ཅིང་ནགས་ཁེབས་ཚད་རྫོང་ཡོངས་ཀྱི་བརྒྱ་ཆ་༢༧ .༠༢ཟིན་པ་དང༌། མདོ་ལ་རིང་མོའི་ཆུ་ཁོངས་འཁྱིལ་གསོག་ནགས་ཚལ་གྱི་བརྒྱ་ཆའི་ལྔ་བཅུ་ཟིན་པས། གངས་ཆུ་འཁྱིལ་གསོག་དང་སྐྱེ་ཁམས་དོ་སྙོམས་ཀྱི་ལྗང་མདོག་ཆུ་མཛོད་ཅེས་བའི་མཚན་སྙན་ལྡན། གངས་རི་དང་ནགས་རི༌།སྤང་རིའི་ལུང་ལག་ནས་འབབ་པའི་ཆུ་བོ་བཅུ་ཕྲག་ཕྱོགས་བཞི་མཚམས་བརྒྱད་དུ་བཞུར་པས་རང་དཔའ་རིས་སའི་སྣོད་བཅུད་གཡང་དུ་འཁྱིལ་བ་མ་ཟད། ཆུ་བོའི་སྨད་རྒྱུད་ཀྱི་བུའུ་བའེ་དང་ལན་གྲུ་ས་ཆའི་ཞིང་ལས་འཕེལ་རྒྱས་ལ་ཕན་ཆེན་པོ་ཐོགས་ཡོད་པས།ལྗང་མདངས་ཀྱི་མ་ཡུམ་ཟེར་བའི་རི་བོ་མདོ་ལ་རིང་མོའི་ནགས་ཚལ་ནི་རང་བྱུང་གི་ཆུ་མཛོད་ཆེན་མོ་དང་མཚུངས་པར།ནགས་ཚལ་དང་སྔོ་ཁེབས་དར་རྒུད་དེ་དག་ཞིང་ཆེན་དང་གྲོང་ཁྱེར་ཡོངས་ཀྱི་གོང་འཕེལ་བྱ་བར་དོན་སྙིང་ལྡན། ནགས་ཁུལ་དུ་ཞིང་ཆེན་རིམ་པ་དང་པོ་དང་གཉིས་པའི་རི་སྐྱེས་སྲོག་ཆགས་སྣ་ཁ་བཞི་བཅུ་ལྷག་ཡོད།
  བཅིང་གྲོལ་བཏང་རྗེས། དཔའ་རིས་རྫོང་གི་ནགས་ཚལ་སྲུང་སྐྱོང་དང་ནགས་མེ་སྔོན་འགོག་བྱ་བ་དེ་དམ་འཛིན་ལྷོད་མེད་བྱས་བས། རྫོང་བཙུགས་པའི་ལོ་ང་ལྔ་རིང་ནས་མེ་མ་ཤོར་བའི་གྲུབ་འབྲས་ཐོབ། ནགས་ཡོད་རྒྱ་ཁྱོན་དེ་བཅིང་གྲོལ་མ་བཏང་བའི་སྔོན་དུ་བརྒྱ་ཆའི་ང་གསུམ་དང་བརྒྱ་ཆའི་བརྒྱ་དང་ཉེར་བཞི་ལྷག་ཐོབ།ཉེ་བའི་ལོ་འགར་རྒྱལ་ཁབ་ཀྱི་རང་བྱུང་ནགས་ཚལ་སྲུང་སྐྱོང་དང་རྨོ་སྐྱུར་ནགས་སྐྱོང༌།བྱང་གསུམ་ནགས་སྲུང་བཟོ་འགོད་ཆེན་པོ་གསུམ་རབ་དང་རིམ་པ་ལག་སྟར་བྱས་བས། རི་ཀླུང་མཛེས་བའི་མཐོ་སྒང་ཞིག་ཡང་སྐྱར་ཚང་མའི་མིག་ལམ་དུ་མངོན་ཡོད།
དཔའ་རིས་རྫོང་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་བོད་སྐད་སྡེ་ཚན་ལས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།