མདོ་དབུས་མཐོ་སྒང་གི་ནགས་ཚལ་ཐོན་ཁུངས།
མདོ་དབུས་མཐོ་སྒང་ན་ནགས་ཚལ་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཞིག་ཡོད། བོད་ལྗོངས་ཀྱི་ཧི་མ་ལ་ཡ་རི་རྒྱུད་དང་ཡར་ཀླུང་གཙང་པོའི་འབབ་རྒྱུད། ཉིང་ཁྲི་སོགས་སུ་ནགས་ཚལ་གྱི་ཁེབས་རྒྱ་ཆེ་བར་མ་ཟད། གདོད་མའི་ནགས་ཚལ་ཡང་ཧ་ཅང་མོད་པོ་དང་མཚོ་སྔོན་ཞིང་ཆེན་ལ་མཚོན་ན་ནགས་ཁུལ་ཆེ་འབྲིང་ཆུང་གསུམ་བརྒྱད་ཅུ་ལྷག་ཡོད། རང་རྒྱལ་ཁབ་ལ་རང་བྱུང་རྩྭ་ས་སྣ་ཚོགས་སྤྱི་ཆིང་ཁྲི39283ལྷག་ཡོད་པ་དེས་རྒྱལ་ཁབ་ལ་དབང་བའི་ས་རྒྱའི40%ཟིན། མདོ་དབུས་མཐོ་སྒང་ལ་མཚོན་ན་བོད་ལྗོངས་ཁོངས་ཀྱི་བྱང་ཐང་ནི་རྩྭ་ས་ཡངས་ཤིང་སྐད་གྲགས་ཆེ་བའི་རྩྭ་ཐང་ཆེན་པོ་ཡིན། མཚོ་སྔོན་ཞིང་ཆེན་ཡོངས་ལ་རྩྭ་ཐང་གི་རྒྱ་ཁྱོན་མུའུ་ཁྲི་ཚོ5467.12ཡོད་པ་དེ་གཙོ་བོ་མགོ་ལོག་རྩྭ་ཐང་དང་རྨ་འབྲི་རྫ་གསུམ་མགོ་ཁུངས་འབབ་རྒྱུད་ཀྱི་རྩྭ་ཐང༌།རྨ་ལྷོ་རྩྭ་ཐང་དང་མཚོ་སྔོན་པོའི་མཐའ་སྐོར་གྱི་རྩྭ་ཐང་ཡིན། མདོ་དབུས་མཐོ་སྒང་གི་རྩྭ་སའི་རིགས་གཙོ་བོར་སྤང་ངོས་རྩྭ་ས་དང་རྩྭ་ཐང་རྩྭ་ས། རྩྭ་རི་རྩྭ་ས། ན་འདམ་རྩྭ་ས། ཐང་རྒོད་རྩྭ་ས། ནགས་ཚལ་རྩྭ་ས་སོགས་ཡོད་ཅིང་རྩྭ་ཐང་མང་ཆེ་བར་སྐྱེས་སྟོབས་ལྡན་ཞིང་འཚོ་བཅུད་ཆེ་བས་རྟ་ནོར་ལུག་གསུམ་དང་ར་མ། རྔ་མོང༌། བོང་བུ། དྲེལ་སོགས་འཚོ་སྐྱོང་བྱེད་པར་འཚམ་པ་དང་རི་སྐྱེས་སྲོག་ཆགས་ཅི་རིགས་སྒོས་རྩྭ་གཟན་རིགས་ཀྱི་འཚོ་བ་དང་རྒྱུད་སྤེལ་གྱི་གནས་གཞི་ཡིན།
ཡུལ་གྲུ་གཞན་ལ་བསྡུར་ན་མདོ་དབུས་མཐོ་སྒང་དུ་བྱེ་ཐང་དང་བྱེ་སྒང༌།བྱེ་རི། བྱེ་ལུང་སོགས་དེ་འདྲ་མང་པོ་མེད་ན་ཡང་ཉེ་ཆར་རང་བྱུང་སྐྱེ་ཁམས་ཁོར་ཡུག་ལ་འགྱུར་ལྡོག་བྱུང་བར་བརྟེན་བྱེ་མའི་ཁེབས་རྒྱ་ལོ་རེ་བཞིན་ཇེ་ཆེ་རེད། དཔེར་ན་མཚོ་སྔོན་ཞིང་ཆེན་ཀོས་ནན་ལྟ་བུའོ། །
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com