ཐེམ་ཆེན་རྫོང་གི་མངའ་ཁོངས་སུ་ཁྲུང་ཁྲུང་མགོ་ཁྲའི་ཁྱུ་ཚོགས་བསླེབས་བྱུང་།

རྩོམ་པ་པོ།:བསོད་རྡོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-06-07 10:20:00 ཀློག་གྲངས།:


ཐེམ་ཆེན་རྫོང་གི་མངའ་ཁོངས་སུ་ཁྲུང་ཁྲུང་མགོ་ཁྲའི་ཁྱུ་ཚོགས་བསླེབས་བྱུང་།


ཐེམ་ཆེན་རྫོང་གི་མངའ་ཁོངས་སུ་ཁྲུང་ཁྲུང་མགོ་ཁྲའི་ཁྱུ་ཚོགས་བསླེབས་བྱུང་།


ཐེམ་ཆེན་རྫོང་གི་མངའ་ཁོངས་སུ་ཁྲུང་ཁྲུང་མགོ་ཁྲའི་ཁྱུ་ཚོགས་བསླེབས་བྱུང་།


ཐེམ་ཆེན་རྫོང་གི་མངའ་ཁོངས་སུ་ཁྲུང་ཁྲུང་མགོ་ཁྲའི་ཁྱུ་ཚོགས་བསླེབས་བྱུང་།


ཐེམ་ཆེན་རྫོང་གི་མངའ་ཁོངས་སུ་ཁྲུང་ཁྲུང་མགོ་ཁྲའི་ཁྱུ་ཚོགས་བསླེབས་བྱུང་།


ཐེམ་ཆེན་རྫོང་གི་མངའ་ཁོངས་སུ་ཁྲུང་ཁྲུང་མགོ་ཁྲའི་ཁྱུ་ཚོགས་བསླེབས་བྱུང་།

     ཉེ་ཆར། མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་མཁར་དམར་ཞང་དང་སུ་རུ་ཞང་སོགས་ཀྱི་མངའ་ཁོངས་སུ་ཁྲུང་ཁྲུང་མགོ་ཁྲ་མང་པོ་ཐོན་བྱུང་།
     ཁྲུང་ཁྲུང་མགོ་ཁྲ་ནི་འཛམ་གླིང་སྟེང་དུ་ལོ་རེར་ཐེངས་གཉིས་ལ་ཧི་མ་ལ་ཡའི་རི་རྒྱུད་དུ་གནས་སྤོར་བྱེད་པའི་དུས་བསྟུན་གནས་སྤོ་བྱ་རིགས་གཅིག་པུ་ཡིན་པས། རྒྱུད་སྤེལ་བྱེད་ས་གཙོ་བོ་མཐོ་སྒང་གི་མཚེའུ་དང་ཡངས་ཤིང་རྒྱ་ཆེ་བའི་ན་འདམ་ས་རྒྱུད་ཡིན། རྒྱུད་སྤེལ་དུས་སྐབས་དང་དགུན་དུས། གནས་སྤོར་དུས་ཚིགས་བཅས་ལ་ཁྱུ་ཚོགས་བྱས་ནས་འཕུར་འགྲོ་བྱེད་པ་ཞིག་ཡིན་ལ། བརླན་ས་ནི་ཁོ་ཚོའི་ངལ་གསོ་བྱེད་གནས་མཆོག་གྱུར་ཞིག་ཡིན། ཉེ་བའི་ལོ་འགའི་རིང་ལ། ཐེམ་ཆེན་རྫོང་གིས་བརླན་ས་སྲུང་སྐྱོབ་དང་ཆུ་འགོ་གསོ་སྐྱོང་གི་བྱེད་ཤུགས་ཆེ་རུ་བཏང་བས། སྐྱེ་ཁམས་ཁོར་ཡུག་མུ་མཐུད་དུ་ཇེ་ལེགས་སུ་སོང་ཡོད་ལ། ཁྲུང་ཁྲུང་མགོ་ཁྲ་སྟེ་རང་བྱུང་ཁམས་ཀྱི་རྩ་ཆེན་བྱ་རིགས་འདིའང་རིམ་བཞིན་རི་མཐོ་ས་གཙང་གི་ཡུལ་གྲུ་འདིར་གནས་སྤོར་བྱས་ཤིང་། རང་གི་ཚེ་སྲོག་གི་རྒྱུད་སྤེལ་བར་ཁོར་ཡུག་ལེགས་པོ་ཞིག་རྙེད་ཡོད་ལ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པའི་བདེ་སྐྱིད་དྲོད་ཁོལ་གྱི་སྣང་བརྙན་གསར་བ་ཞིག་མངོན་པར་ཤར་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།