མཚོ་ལྷོ་ཁུལ་གྱི་ལས་ཁུངས1དང་མི2ལ་རྒྱལ་ཡོངས་བྱེ་སྐྱོན་འགོག་བཅོས་ཀྱི་སྔོན་ཐོན་གཟེངས་རྟགས་ཐོབ་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-01-25 11:50:00 ཀློག་གྲངས།:
     ཉེ་ལམ། མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ་དང་རྒྱལ་ཡོངས་ལྗང་སྒྱུར་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་ནགས་ལས་ཅུའུ་བཅས་ཀྱིས《རྒྱལ་ཡོངས་བྱེ་སྐྱོན་འགོག་བཅོས་སྔོན་ཐོན་ཐུན་མོང་དང་དཔེ་སྟོན་པ། སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་ཀྱི་གཏན་འབེབས་སྐོར》ཁྱབ་བསྒྲགས་བྱས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་ལས་ཁུངས5དང་མི7ལ་རྒྱལ་ཡོངས་བྱེ་སྐྱོན་འགོག་བཅོས་སྔོན་ཐོན་ཐུན་མོང་དང་དཔེ་སྟོན་པ། སྔོན་ཐོན་མི་སྒེར་གྱི་གཟེངས་རྟགས་ཐོབ་པ་དང་། དེ་ལས་མཚོ་ལྷོ་ཁུལ་མང་རྫོང་ཁོར་ཡུག་སྲུང་སྐྱོབ་དང་ནགས་ལས་ཅུའུ་ལ་རྒྱལ་ཡོངས་བྱེ་སྐྱོན་འགོག་བཅོས་ཀྱི་སྔོན་ཐོན་ཐུན་མོང་གཟེངས་རྟགས་དང་། མང་རྫོང་མགོ་མང་ར་ཡུལ་ཚོའི་ལོ་བ་ཞོལ་མ་སྡེ་བའི་སྡེ་མི་འབུམ་རྒྱལ་ལ་རྒྱལ་ཡོངས་བྱེ་སྐྱོན་འགོག་བཅོས་དཔེ་སྟོན་པའི་གཟེངས་རྟགས། གསེར་ཆེན་རྫོང་ནགས་ལས་བྱ་བའི་ས་ཚིགས་ཀྱི་བཟོ་བཀོད་པ་ཀུའོ་ཙེང་ཧོང་ལ་རྒྱལ་ཡོངས་བྱེ་སྐྱོན་འགོག་བཅོས་སྔོན་ཐོན་མི་སྒེར་གྱི་གཟེངས་རྟགས་ཐོབ་པ་རེད།
     མཚོ་ལྷོ་ཁུལ་དུ་ད་ཡོད་བྱེ་འགྱུར་ས་ཞིང་རྒྱ་ཁྱོན་མུའུ་ཁྲི577.16ཡོད་ཅིང་། ཉེ་བའི་ལོ་འདི་འགར། མཚོ་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགོ་ཁྲིད་བརྟན་པོ་དང་ཞིང་ཆེན་ནགས་ལས་ཐིང་གི་རྒྱབ་སྐྱོར་ཆེན་མོའི་འོག གསེར་ཆེན་རྫོང་གི་བཏུལ་ཐང་དང་མང་རྫོང་དམུ་གི་ཐང་ས་ཁུལ་གཉིས་གནད་དུ་བཟུང་སྟེ་ཕྱོགས་བསྡུས་བཅོས་སྐྱོང་བྱས་ལ། ཁུལ་ཡོངས་བྱེ་ཁུལ་ལས་བྱེད་པ་དང་མང་ཚོགས་ཀྱི་འབད་བརྩོན་འོག མཚོ་ལྷོ་ཁུལ་གྱི་བྱེ་སྐྱོན་འགོག་བཅོས་བྱ་བར་དགའ་འོས་པའི་གྲུབ་འབྲས་བླངས། ཁུལ་ཡོངས་སུ་བསྡོམས་པས་བྱེ་སྐྱོན་འགོག་བཅོས་རྒྱ་ཁྱོན་མུའུ་ཁྲི112.73ལེགས་འགྲུབ་བྱུང་ཞིང་། མང་རྫོང་ཀླུ་ཚང་རྒྱལ་ཁབ་བྱེ་ཐང་སྤྱི་གླིང་དང་བྱེ་སྣའི་རྒྱལ་ཁབ་བྱེ་ཐང་སྤྱི་གླིང་དར་སྤེལ་འཛུགས་སྐྲུན་བྱེད་པའི་སྒང་ཡིན་ལ། གསེར་ཆེན་གཞོང་ས་དང་མཚོ་སྔོན་པོའི་འགྲམ་རྒྱུད་ས་ཁུལ་གྱི་བྱེ་འགྱུར་ཚད་སྔར་དང་བསྡུར་ན་ཇེ་ལེགས་སུ་ཕྱིན་ཞིང་། བྱེ་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་དང་དཔལ་འབྱོར་སྤྱི་ཚོགས་བསྟུད་མར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།