གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་དང་བཟོ་སྐྲུན་འཆར་འགོད་ལག་བསྟར་གནས་ཚུལ་གྱི་རྟོག་ཞིབ་འགྲུབ་ཟིན།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། དུས་ཚོད།:2017-10-27 11:10:00 ཀློག་གྲངས།:
     ཟླ10བའི་ཚེས16ཉིན་དང་ཚེས21ཉིན་བར། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་མངགས་བཅོལ་ལྟར། ཀྲུང་གོ་རྒྱལ་སྤྱི་བཟོ་སྐྲུན་བློ་འདྲི་ཀུང་ཟིས་མཚོ་སྔོན་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་དང་སྐོར་ཐེངས་གཉིས་པའི་བཟོ་སྐྲུན་འཆར་འགོད་ལག་བསྟར་གནས་ཚུལ་གྱི་དུས་རིམ་བར་མའི་དཔྱད་དཔོག་ཡུལ་དངོས་ཀྱི་རྟོག་ཞིབ་བྱ་བ་རྩ་འཛུགས་བྱས་ཏེ་སྤེལ། 2013ལོ་ནས་2017ལོའི་བར།  རི་འགོག་ནགས་གསོ་ས་མུའུ་ཁྲི182.5གཤམ་སྤྲོད་བྱས་ལ་འཆར་འགོད་ལས་འགན་གྱི102.07%ཟིན་ཏེ་འཛུགས་སྐྲུན་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱས། ཕྱུགས་ལས་ཁྱིམ་ཚང21002ལ་དྲོད་ཁང་དང་གཟན་ཁང་འཛུགས་སྐྲུན་བྱས་ཏེ་འཆར་འགོད་ལས་འགན་གྱི་100%ཟིན་ཡོད་པས་འཛུགས་སྐྲུན་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱས། བརླན་ས་བཀག་སྡོམ་བཅོས་སྐྱོང་ས་མུའུ་ཁྲི178.4གཤམ་སྤྲོད་བྱས་ཏེ་འཆར་འགོད་ལས་འགན་གྱི་11.89%ཟིན་ནས་འཛུགས་སྐྲུན་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱས། ས་ནག་ས་མུའུ་ཁྲི221.44 བཅོས་སྐྱོང་བྱས་ཏེ་འཆར་འགོད་ལས་འགན་གྱི་40.63%ཟིན་ཡོད་པས་འཛུགས་སྐྲུན་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱས་ཡོད།
     དཔྱད་དཔོག་ཆེད་ལས་ཚན་ཆུང་ཡུལ་ཤུལ་ཁུལ་དང་མགོ་ལོག་ཁུལ་དུ་སོང་སྟེ་ཡུལ་དངོས་རྟོག་ཞིབ་བྱ་བ་སྤེལ་ཏེ། སྔ་རྗེས་སུ་ས་ནག་བཅོས་སྐྱོང་དང་རི་འགོག་ནགས་གསོ། བརླན་ས་སྲུང་སྐྱོབ། སྐྱེ་ཁམས་ཕྱུགས་ལས་རྨང་གཞིའི་སྒྲིག་ཆས་སོགས་ཀྱི་རྣམ་གྲངས་ལག་བསྟར་གནས་ཚུལ་ལ་རྟོག་ཞིབ་བྱས། ཉེ་སྔོན་ཟི་ལིང་གྲོང་ཁྱེར་ནས་བཞུགས་མོལ་གྲོས་ཚོགས་བསྡུས་ཏེ་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་དང་ཞིང་ཆེན་ཏང་ཨུ་དྲིལ་སྒྲོག་པུའུ། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་ཆུ་བེད་ཐིན།  ཞིང་ཆེན་ཞིང་ཕྱུགས་ཐིན་སོགས་ཀྱི་འབྲེལ་ཡོད་སྡེ་ཁག་དང་ཞིང་ཆེན་རིམ་པའི་དཔྱད་དཔོག་སྙན་ཞུ་སྒྲིག་བཟོ་ལས་ཁུངས་ཡང་ཐེངས་དེའི་གྲོས་ཚོགས་ལ་ཞུགས། ཚོགས་ཐོག་ཏུ་ཞིང་ཆེན་བཟོ་སྐྲུན་བློ་འདྲི་ལྟེ་གནས་ཀྱིས་རང་ཞིང་གི་དཔྱད་དཔོག་གནས་སྙན་ཞུ་བྱས། དཔྱད་དཔོག་ཚན་ཆུང་གི་ཆེད་མཁས་པའི་བཟོ་སྐྲུན་ལག་བསྟར་བྱས་པའི་གྲུབ་འབྲས་དང་རང་ཞིང་གིས་སྤེལ་བའི་བྱ་བར་ཁས་ལེན་གང་ལེགས་བྱས་ཏེ། བཟོ་སྐྲུན་ལག་བསྟར་གྲུབ་འབྲས་ལ་དབྱེ་ཞིབ་དང་མཇུག་འབྲས་དབྱེ་ཞིབ། ལག་རྩལ་བྱེད་ཐབས།  ལྟ་ཞིབ་ཚད་འཇལ་མ་ལག་འཛུགས་སྐྲུན་དང་ཚན་རྩལ་འདེགས་སྐྱོར་སོགས་ཀྱི་ཐད་ནས་བློ་འདྲི་བྱས་པ་མ་ཟད་སྡེ་ཁག་ཁྲོད་དུ་ཞུགས་ནས་གྲོས་བསྡུས་བྱས་ནས་ཁ་གསབ་དང་འཐུས་ཚང་ཡིན་པའི་བསམ་འཆར་བཏོན་ཏེ།  རང་ཞིང་གི་གོམ་སྟབས་རྗེས་མར་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བྱ་བ་གཏིང་ཟབ་ཀྱིས་སྤེལ་བར་རྨང་བརྟན་པོ་ཞིག་བཏང་།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།