ཀོས་ནན་རྫོང་གིས་མཁར་གྲོང་དང་རོང་འབྲོག་ཁུལ་གྱི་ཁོར་ཡུག་གཙང་སྦྲ་ལེགས་སྒྱུར་བྱས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་གསར་འགྱུར་དྲ་བ། དུས་ཚོད།:2017-09-07 09:27:00 ཀློག་གྲངས།:

     ཀྲུང་དབྱང་ཁོར་སྲུང་ལྟ་ཞིབ་ཚོགས་པ་མཚོ་སྔོན་དུ་ཡོང་བའི་ཚུན་ལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་གིས་ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་ཁོར་སྲུང་ལྟ་ཞིབ་ཚོགས་འདུའི་དགོངས་དོན་ལག་བསྟར་དངོས་འབེབས་བྱས་པ་དང་། ཁོར་ཡུག་བཅོས་སྐྱོང་ཤུགས་ཚད་ཇེ་ཆེར་གཏོང་བ། བྱ་བ་ཞིབ་ཕྲའི་སྒོ་ནས་དངོས་འབེབས་བྱས་ནས་རྫོང་ཡོངས་ཀྱི་མཁར་གྲོང་དང་རོང་འབྲོག་ཁུལ་གྱི་ཁོར་ཡུག་གཙང་སྦྲའི་ཕྱོགས་ནས་རྣམ་པ་གསར་བ་བྱུང་།

     རྫོང་མཁར་གྱི་ས་ཁོངས་གཙོ་བོར་ཆེད་དོན་བཅོས་སྐྱོང་བྱས་པ་དང་། མ་དངུལ་སྒོར་ཁྲི་བདུན་དང་སྟོང་ལྔ་བཏང་ནས་འཛུགས་སྐྲུན་གད་སྙིགས་དང་འཚོ་བའི་གད་སྙིགས་ལ་ཁྱོན་ཡོངས་ནས་གཙང་སྦྲ་བྱས་པས། ནུས་ཡོད་སྒོས་རྫོང་མཁར་གྱི་ཤུལ་ལུས་གད་སྙིགས་དང་མི་མཐོང་སའི་གད་སྙིགས་ཐག་གཅོད་བྱས་པ་དང་། མཁར་གྲོང་གི་ཁོར་ཡུག་ལེགས་སྒྱུར་བྱས།དེ་དང་མཉམ་དུ། ཀོས་ནན་རྫོང་གིས་རོང་འབྲོག་ཁུལ་གྱི་ཁོར་ཡུག་གཙང་སྦྲའི་བཅོས་སྐྱོང་ཤུགས་ཚད་ཇེ་ཆེར་བཏང་བ་དང་། སྡེ་བ་སོ་སོའི་ནགས་སྲུང་བ་དང་རྩྭ་སའི་དོ་དམ་པ། ལས་བྱེད་མང་ཚོགས་བཅས་མི་སྟོང་གསུམ་ལྷག་རྩ་འཛུགས་བྱས་ལ། འཕྲུལ་ཆས་ཆེ་རིགས་དང་རླངས་འཁོར་བརྒྱ་ལྷག་བཀོད་སྒྲིག་བྱས་ནས་སྡེ་བའི་གཞུང་ལམ་དང་ཁང་བའི་རྒྱབ་ལོགས་སོགས་ལ་ཁྱོན་ཡོངས་ནས་བཅོས་སྐྱོང་བྱས་པ་མ་ཟད། རྩྭ་སའི་དོ་དམ་པ་དང་ནགས་སྲུང་བ་བཀོད་སྒྲིག་བྱས་ཏེ་དུས་ཚོད་ཉེར་བཞིའི་རིང་རྩྭ་བཀག་ཁུལ་ལ་སྐོར་ཞིབ་ལྟ་སྐུལ་དོ་དམ་བྱས་ནས་བཅོས་སྐྱོང་གྲུབ་འབྲས་སྲ་བརྟན་དུ་བཏང་། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།