ཐུན་ཏེ་རྫོང་གིས་ཁྲིམས་འགལ་བཟོ་སྐྲུན23མེད་པར་བཟོས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་ལྷོའི་བོད་ཡིག་སྨྱན་གསར། དུས་ཚོད།:2017-09-06 12:07:00 ཀློག་གྲངས།:

    ཉེ་ཆར། ཐུན་ཏེ་རྫོང་ཁྲིམས་འགལ་བཟོ་སྐྲུན་མེད་པར་བཟོ་བའི་མགོ་ཁྲིད་ཚན་ཆུང་གིས་རྫོང་མཁར་ས་ཁུལ་གྱི་ཁྲིམས་འགལ་བཟོ་སྐྲུན་ལ་ཁྲིམས་ལྟར་མེད་པར་བཟོས་པ་དང་ལེགས་བཅོས་བྱས་པ་རེད།

    མེད་པར་བཟོ་བའི་བྱ་བའི་ཁྲོད་རྫོང་དེས“འཕེལ་རྒྱས་ལ་སྐུལ་བ་དང་བར་སྟོང་དར་སྤེལ། ཁོར་ཡུག་དག་གཙང་། བདེ་འཇགས་སྲུང་བ། དམངས་འཚོར་ཕན་པ ”བཅས་དམིགས་འབེན་དུ་བཟུང་སྟེ་ཕྱོགས་ཡོངས་ནས་ལེགས་སྒྲིག་ཉམས་གསོ་དང་དོ་དམ་ནན་སྲུང་བྱས་ཏེ་ཁྲིམས་ཀྱི་རྩ་དོན་དང་མཐུན་པར་སྒྲུབ་པ། དེ་མིན་མང་ཚོགས་ཀྱིས་རང་གིས་བཤིག་པ་དང་ཁྲིམས་རོགས་འོག་བཤིག་པ། བཅའ་ཁྲིམས་ལྟར་བཤིག་པ་བཅས་བཤིག་ཐབས་གསུམ་ལས་བཅའ་ཁྲིམས་ལག་ལྟར་བྱས་ཏེ་བཤིག་པ་ནི་ཁྲིམས་འགལ་བཟོ་སྐྲུན་ཡིན་ལ། བཅའ་ཁྲིམས་དང་མི་མཐུན་པ་དག་ཚོད་འཛིན་བྱེད་པའང་ཡིན། དེས་ཁྲིམས་འགལ་གྱི་བཟོ་སྐྲུན་དག་དུས་ཡུན་ཐུང་ངུའི་ནང་མེད་པར་བཟོས་པར་མ་ཟད། ཁྲིམས་འགལ་བཟོ་སྐྲུན་ལེགས་སྒྲིག་དང་ཉམས་གསོའི་ཐད་ཕན་ནུས་ཐོན་ཡོད།  

    མིག་སྔའི་བར་ཁྲིམས་འགལ་བཟོ་སྐྲུན23བཤིག་པ་དང་དེའི་ནང་གཅིག་རང་གིས་བཤིག་པ་རེད།  

    ཁྲིམས་འགལ་བཟོ་སྐྲུན་ལ་དག་ཐེར་བྱེད་པའི་བྱ་བ་མུ་མཐུད་དུ་རྒྱུན་མཐུད་བྱེད་རྒྱུར་དམིགས་འབེན་དུ་བཟུང་སྟེ་ཐུན་ཏེ་རྫོང་གིས་བྱ་བའི་བྱེད་ཐབས་དོན་འཁྱོལ་དང་དུས་ཡུན་དམ་འཛིན་བྱེད་པ།མི་ཤུགས་སྣོན་པ་སོགས་བྱ་བ་ནན་བསྒྲུབས་བྱས་ཏེ་ཁྲིམས་འགལ་བཟོ་སྐྲུན་དག་ཐེར་བྱ་བར་ཤུགས་བསྣན་ནས་མང་ཚོགས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་ལེགས་སྒྲིག་བྱས་ཏེ་རྣམ་པ་གསར་བ་ཞིག་བསྐྲུན་ཡོད། ། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།