ངོས་དང་པོ > སྣོད་བཅུད། > སྐྱེ་ཁམས་སྲུང་སྐྱོང་། > ཁོར་སྲུང་གནད་དོན་ཐེར་འདོན་ལེགས་སྒྲིག་བྱ་བའི་སྤྱི་སྒྲོག
ཁོར་སྲུང་གནད་དོན་ཐེར་འདོན་ལེགས་སྒྲིག་བྱ་བའི་སྤྱི་སྒྲོག
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་སྨྱན་གསར།
དུས་ཚོད།:2017-09-01 09:21:00
ཀློག་གྲངས།:
མཚོ་སྔོན་ཞིང་ཆེན་གྱི་ཁོར་སྲུང་གནད་དོན་ལ་ལྟ་ཞོར་སྒྲིག་ཞོར་བྱེད་པའི་སྤྱི་སྒྲོག་ཐེངས་བཅུ་གཉིས་པ་ལས་དཔལ་ཁ་གྲོང་རྡལ་ལྔ་གཅིག་སྡེ་བ་དང་འབྲེལ་བའི་སྐོར།
ཐེངས་འདིའི་མཚོ་སྔོན་ཞིང་ཆེན་གྱི་ཁོར་སྲུང་གནད་དོན་ལ་ལྟ་ཞོར་སྒྲིག་ཞོར་བྱེད་པའི་སྤྱི་སྒྲོག་ཐེངས་བཅུ་གཉིས་པར། བསྡོམས་པས་གནད་དོན་ཉི་ཤུ་སྤྱི་སྒྲོག་བྱས་ཡོད་པ་ལས་དཔལ་ཁ་གྲོང་རྡལ་ལྔ་གཅིག་སྡེ་བའི་གནད་དོན་དེ་ཨང་ཉི་ཤུ་པ་ཡིན།
20
དང་ལེན་ཨང་རིམ།
A0813083
འཕྲོད་སྒྲུབ་གནད་དོན་གྱི་རྩ་བའི་གནས་ཚུལ།
བྲག་དཀར་རྫོང་དཔལ་ཁ་གྲོང་རྡལ་ལྔ་གཅིག་སྡེ་བས་ཉིས་སྟོང་བཅུ་གཅིག་ལོ་ནས་བཟུང་རྩྭ་ས་རྨོ་ཞིང་དུ་བསྒྱུར་པས་སྤང་ཤུན་ལ་གནོད་པ་ཚབས་ཆེན་བཟོས། ལེགས་བཅོས་ཀྱི་གོ་རིམ་ཁྲོད་དུ་གསེར་ཆེན་རྫོང་ཐང་སྐར་མའི་རུ་ཆེན་གསུམ་པའི་སྡེ་བས་རང་བྱུང་ཆུ་རྒྱུན་ལྡན་གྱིས་བཀོལ་སྤྱོད་བྱེད་མ་ཐུབ་པར་མ་ཟད། རྨོ་ཞིང་ལ་ཆུའང་གཏོང་མ་ཐུབ།
ཞིབ་བཤེར་ཐོ་གཏུག་གི་གནས་ཚུལ།
མཚོ་ལྷོ་ཁུལ་གྱིས་འབྲེལ་ཡོད་སྡེ་ཁག་རྩ་འཛུགས་བྱས་ཏེ་ཞིབ་བཤེར་ཐོ་གཏུག་བྱས་པའི་གནས་ཚུལ་ནི། བྲག་དཀར་རྫོང་དཔལ་ཁ་གྲོང་རྡལ་ལྔ་གཅིག་སྡེ་བས་ཉིས་སྟོང་བཅུ་གཅིག་ལོ་ནས་ཉིས་སྟོང་བཅུ་གཉིས་བར་ཁྲིམས་འགལ་གྱིས་ས་ཞིང་མུའུ 1361སློག་འདུག ཉིས་སྟོང་བཅུ་གསུམ་ལོའི་ཟླ་དྲུག་པའི་ནང་ཆོག་མཆན་ཐོབ་པ་ལྟར་ས་གཞི་སྔོག་འདོན་ལེགས་སྒྲིག་གི་ལས་གཞི་ལག་བསྟར་བྱས་ནས། ཉིས་སྟོང་བཅུ་བཞི་ལོའི་ཟླ་དྲུག་པའི་ནང་ལེགས་འགྲུབ་བྱུང་འདུག སྤྱིའི་རྒྱུ་ཁྱོན་ལ་མུའུ11616.6ཡོད་འདུག དེའི་ཁྲོད་རྨོ་ཞིང་མུའུ7966.65 གྱིས་ཇེ་མང་དུ་སོང་འདུག ཉིས་སྟོང་བཅུ་དྲུག་ལོར་ཞིང་ཕྱུགས་སྡེ་ཁག་གིས་ངོས་འཛིན་ཐོ་འགོད་བྱས། གསེར་ཆེན་རྫོང་གིས་ཉིས་སྟོང་བཅུ་བཞི་ལོའི་ཟླ་དགུ་པའི་ནང་ཐང་སྐར་མ་ས་ཁུལ་གྱི་མིའི་འཐུང་ཆུའི་བཟོ་སྐྲུན་ལག་བསྟར་བྱས་ནས་ཟླ་བཅུ་པའི་ཟླ་མཇུག་ཏུ་བཟོ་སྐྲུན་ལེགས་འགྲུབ་བྱུང་སྟེ། ཐང་དཀར་མ་གྲོང་རྡལ་གྱི་རུ་ཆེན་དང་པོ་དང་གཉིས་པ་གསུམ་པ་བཞི་པ་སོགས་སྲིད་འཛིན་སྡེ་བ་དགུའི་མི 4839དང་ཟོག27612ཡི་འཐུང་ཆུའི་གནད་དོན་ཐག་གཅོད་བྱས། གོང་ཞུའི་གནད་དོན་ལས་དོན་དག་སྐོར་ཞིག་ངོ་མ་རེད།
ཐག་གཅོད་དང་ལེགས་སྒྲིག་བྱས་པའི་གནས་ཚུལ།
2012ལོར་དཔལ་ཁ་གྲོང་རྡལ་ལྔ་གཅིག་སྡེ་བས་ཁྲིམས་འགལ་གྱིས་རྩྭ་ས་སྔོག་འདོན་བྱས་རྗེས། བྲག་དཀར་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་ཞིང་ཕྱུགས་ཅུས་ཀྱིས་སྣེ་ཁྲིད་དེ། འབྲེལ་ཡོད་སྡེ་ཁག་ལ་མཉམ་འབྲེལ་བྱས་ཏེ། ཁྲིམས་འགལ་གྱིས་རྩྭ་ས་སྔོག་འདོན་བྱས་པའི་བྱ་སྤྱོད་ལ་ཁྲིམས་ལྟར་དྲག་རྡུང་བྱེད་དགོས་པའི་བཀའ་བཀོད་བསྒྲགས། རྫོང་ཞིང་ཕྱུགས་ཅུས་ཀྱིས་སྤྱི་བདེ་ཅུས་ལ་མཉམ་འབྲེལ་བྱས་ཏེ། དུས་ལྟར་ཞིབ་བཤེརབྱས་ནས་བདེན་དཔང་བླངས་པའི་རྨང་གཞིའི་སྟེང་དུ་དཔལ་ཁ་གྲོང་རྡལ་ལྔ་གཅིག་སྡེ་བའི་རིག་བློ་དང་། ནོར་བརྒྱ། ཚེ་དབང་རྒྱལ་ཆུང་བ། བཀྲ་ཤིས་དོན་གྲུབ་སོགས་རྩྭ་ས་སྔོག་འདོན་གྱི་རྒྱ་ཁྱོན་ཆེ་བ་དང་གནད་དོན་ཅུང་ཚབས་ཆེན་ཡིན་པའི་མི་བཞི་པོ་འདིར་རྩྭ་སའི་སྲིད་འཛིན་ཆད་གཅོད་ཐག་བཅད་ཡི་གེ་བཀྲམ་ནས་སྒོར་མོ43236ཡིས་ཆད་པ་བཅད་པར་མ་ཟད། སྲིད་ཁྲིམས་སྡེ་ཁག་ལ་སྤྲད་དེ་ཉིན་བདུན་གྱི་སྲིད་འཛིན་བཀག་འགོག་བྱས། རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་ལྟ་སྐུལ་གྱི་འགན་ཡོད་པའི་དཔལ་ཁ་གྲོང་རྡལ་དང་ཞིང་ཕྱུགས་ཅུས་གཉིས་ལ་རྫོང་ཡོངས་ནས་སྤྱི་སྒྲོག་བྱས། དཔལ་ཁ་གྲོང་རྡལ་གྱི་གྲོང་གཙོ་དང་ཞིང་ཕྱུགས་ཅུས་ཀྱི་ཅུས་ཀྲང་གཉིས་ལ་ཉེན་སྐུལ་ཁ་བརྡ་བྱས་པ་རེད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།