ངོས་དང་པོ > སྣོད་བཅུད། > སྐྱེ་ཁམས་སྲུང་སྐྱོང་། > ཀྲུང་དབྱང་ཁོར་སྲུང་སྐོར་ཐེངས7པས་དོན་རྐྱེན83བརྒྱུད་སྤྲོད་བྱས།
ཀྲུང་དབྱང་ཁོར་སྲུང་སྐོར་ཐེངས7པས་དོན་རྐྱེན83བརྒྱུད་སྤྲོད་བྱས།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་ལྷོའི་སྨྱན་གསར།
དུས་ཚོད།:2017-08-30 08:36:00
ཀློག་གྲངས།:
སྤྱི་ཟླ8པའི་ཚེས27ཉིན་གྱི་དུས་ཚོད12:00སྟེང་དུ། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་ཞིབ་དཔྱོད་ཚན་ཁག་སྐོར་ཐེངས་བདུན་པས་མཚོ་སྔོན་ཞིང་ཆེན་གྱི་མང་ཚོགས་སྐོར་མགོ་བཅོ་བརྒྱད་ཀྱི་ཡིག་སྐུར་ཞུ་གཏུག་དོན་རྐྱེན83བརྒྱུད་སྤྲོད་བྱས་ཤིང་། དེའི་ཁྲོད་དུ་ཟི་ལིང་གྲོང་ཁྱེར་ལ་ཞུ་གཏུག་དོན་རྐྱེད54དང་མཚོ་ཤར་གྲོང་ཁྱེར་ལ་ཞུ་གཏུག་དོན་རྐྱེན24། མཚོ་ནུབ་ཁུལ་ལ་ཞུ་གཏུག་དོན་རྐྱེན2། ཡུས་ཧྲུའུ་ཁུལ་ལ་ཞུ་གཏུག་དོན་རྐྱེན2། རྨ་ལྷོ་ཁུལ་ལ་ཞུ་གཏུག་དོན་རྐྱེན1བཅས་ཡོད། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་ཞིབ་དཔྱོད་ཚན་ཁག་གིས་གནད་སའི་དོན་རྐྱེན་ལྔ་ལ་ཐུགས་སྣང་ཆེན་པོ་མཛད་ཅིང་། དེའི་ཁྲོད་ཟི་ལིང་གྲོང་ཁྱེར་གྱི་ཞུ་གཏུག་དོན་རྐྱེན2དང་མཚོ་ཤར་གྲོང་ཁྱེར་གྱི་ཞུ་གཏུག་དོན་རྐྱེན3ཚུད་ཡོད། མིག་སྔའི་བར་དུ་ཁྱོན་བསྡོམས་མང་ཚོགས་ཀྱི་ཡིག་སྐུར་ཞུ་གཏུག་དོན་རྐྱེན1293འབྱོར་ཡོད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།