ངོས་དང་པོ > སྣོད་བཅུད། > སྐྱེ་ཁམས་སྲུང་སྐྱོང་། > མཚོ་སྔོན་ཁོར་སྲུང་གནད་དོན་ལྟ་སྐུལ་དག་ཐེར་སྐོར10བའི་གནས་ཚུལ།
མཚོ་སྔོན་ཁོར་སྲུང་གནད་དོན་ལྟ་སྐུལ་དག་ཐེར་སྐོར10བའི་གནས་ཚུལ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་སྲིད་གཞུང་དྲ་བ།
དུས་ཚོད།:2017-08-28 09:03:00
ཀློག་གྲངས།:
བདག་སྤྲོད་ཨང་གྲངསA0810047
མང་ཚོགས་ཀྱི་ཞུ་གཏུག་གནས་ཚུལ། ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་བདུན་གཅིག་ལམ་དུ་ཡོད་པའི་ཀྲོའུ་ཅ་ཆུན་གྱི་པའོ་ཧའོ་བརྡ་ཁྱབ་ཚོན་བྱུག་ཀུང་སིའི་རྫས་འགྱུར་ཚོན་རྩིའི་དྲི་ངན་ཧ་ཅང་ཆེ།
གནད་དོན་རྩད་ཞིབ། མཁར་ཤར་ཁུལ་ཁོར་སྲུང་ཅུས་དང་། གྲོང་ཁྱེར་དོ་དམ་ཅུས། བཟའ་ཆས་དང་སྨན་རྫས་ལྟ་སྐུལ་ཅུས། ཀྲོའུ་ཅ་ཆུན་སྡོད་ཁུལ་བཅས་ཡུལ་དངོས་སུ་བཅར་ནས་ལྟ་ཞིབ་བྱས་པ་ན་མང་ཚོགས་ཀྱི་ཞུ་གཏུག་གནས་ཚུལ་ངོ་མ་རེད།
ཐག་གཅོད་བྱས་ཚུལ། ཟླ8པའི་ཚེས12ཉིན་ལ་མཁར་ཤར་ཁུལ་བཟའ་ཆས་དང་སྨན་རྫས། ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་བརྡ་ཁྱབ་ཀུང་སིར་དག་ཐེར་བྱས་ཤིང་། ཟླ8པའི་ཚེས14ཉིན་གྱི་དགོང་དྲོར་བརྡ་ཁྱབ་ཀུང་སི་དེས་འབྲེལ་ཡོད་སྒྲིག་ཆས་དང་ཐོན་སྐྱེད་ལྕགས་ཆས་གནས་གཞན་དུ་འདྲུད་བཅུག
བདག་སྤྲོད་ཨང་གྲངསA0812003པ།
མང་ཚོགས་ཀྱི་ཞུ་གཏུག་གནས་ཚུལ། ཟི་ལིང་གྲོང་ཁྱེར་ཙོང་ཁ་རྫོང་སྟོད་པ་གྲོང་རྡལ་གྱི་ཧའེ་ཙུའུ་གྲོང་ཚོའི་ས་ཞིང་མུའུ100ལྷག་ཟི་ལིང་ངར་ལྕགས་ཀུང་སོའི་ལྕགས་སྙིགས་དང་བཟོ་ལས་ཆེད་སྤྱོད་ཀྱི་ཚྭ་འཇོག་ས་བྱས་ཡོད་པ་མ་ཟད། གཞན་ཁྲིམས་འགལ་གྱིས་ཕྱེས་པའི་སོལ་མ་རྡོ་ཞོ་ས་གཉིས་སུ་རྡུལ་ཆེ་ལ་འཛིར་སྒྲ་ཡང་ཤིན་ཏུ་ཆེ།
གནད་དོན་རྩད་ཞིབ། ཙོང་ཁ་རྫོང་གིས་སྟོད་པ་གྲོང་རྡལ་སྲིད་གཞུང་དང་རྫོང་དེ་རྒྱལ་དབང་ས་ཞིང་། ཁོར་སྲུང་། བཅོས་སྒྱུར་གོང་སྤེལ་ལ་སོགས་པའི་འབྲེལ་ཡོད་སྡེ་ཚན་རྩ་འཛུགས་བྱས་ནས་ཡུལ་དངོས་ལ་ལྟ་ཞིབ་བྱེད་དུས། ས་དེར་ཙོང་ཁ་རྫོང་སྟོད་པ་གྲོང་རྡལ་ཝན་པའོ་རྡོ་སོལ་སྙིགས་རོ་ཕྱོགས་བསྡུས་བེད་སྤྱོད་ཉར་འཇོག་བཟོ་གྲྭ་བཙུགས་ཡོད་པས་གནས་ཚུལ་ཞུ་གཏུག་བྱས་པ་དངོས་དོན་རེད།
ཐག་གཅོད་བྱས་ཚུལ། ཟླ7པའི་ཚེས27ཉིན་དང་། ཟླ8པའི་ཚེས3ཉིན་ལ་ཙོང་ཁ་རྫོང་རྒྱལ་དབང་ས་ཞིང་སྡེ་ཚན་དང་ཁོར་སྲུང་སྡེ་ཚན་གྱིས་སོ་སོ་ནས་བཟོ་གྲྭ་དེ་ལ་ཁྲིམས་འགལ་བྱེད་སྤྱོད་དག་ཐེར་གྱི་གོང་རིམ་བཀའ་བརྡ་དང་། རང་རྟོགས་ཀྱིས་ས་དེར་སྤུངས་པའི་རྡོ་སོལ་གྱི་སྙིགས་རོ་དང་བཟོ་ལས་ཚྭ་གཙང་སེལ་དང་། བཟོ་ལས་སྒྲིག་ཆས་བཤིག་དགོས་པའི་བཀའ་བསྒྲགས། ཟླ8པའི་ཚེས13ཉིན་ལ་བཟོ་གྲྭ་དེས་ཐོན་སྐྱེད་བཟོ་སྣོན་གྱི་སྒྲིག་ཆས་ཡོངས་སུ་བཤིག་པ་དང་། རྫོང་དེས་འཕྲུལ་ཆས་བཀོད་སྒྲིག་བྱས་གཙང་སེལ་བྱས་མ་ཚར་བའི་བཟོ་ལས་སོལ་སྙིགས་ཏུན་3000ལྷག་གཙང་དག་བྱས། ཟླ8པའི་ཚེས25ཉིན་ཚང་མ་དྲུད་ཚར།
བདག་སྤྲོད་ཨང་གྲངས A0812083བ།
མང་ཚོགས་ཀྱི་ཞུ་གཏུག་གནས་ཚུལ། མཚོ་ཤར་གྲོང་ཁྱེར་ཧོར་གྲོང་རྫོང་ཐང་ཁྲུན་བཟོ་ལས་གླིང་ཁུལ་དུ་ཡོད་པའི་མཚོ་སྔོན་ཁྲང་ཡུན་ཀུའེ་ལས་ཚད་ཡོད་ཀུང་སིའི་ར་སྐོར་དུ་འདག་རྫས་བཟོ་གྲྭ་བརྒྱད་ཡོད་པ་རྫོང་ཁོར་སྲུང་སྡེ་ཚན་གྱིས་དེ་སྔ་སྒོ་བརྒྱབ་ཏུ་བཅུག་ཡོད་མོད། བཟོ་གྲྭ་དེ་དག་གིས་མཚན་མོར་ལྐོག་ནས་ཐོན་སྐྱེད་བྱེད་ཀྱི་འདུག གཞན་ཡང་རྡོ་སོལ་ཁྲོ་ཐབ་ལ་ཁོར་སྲུང་གི་སྒྲིག་ཆས་ཆ་ཚང་མི་འདུག
གནད་དོན་རྩད་ཞིབ། ཧོར་གྲོང་རྫོང་གིས་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱས་ནས་ཡུལ་དངོས་སུ་ལྟ་ཞིབ་བྱེད་དུས། ཞུ་གཏུག་བྱས་པའི་འདག་རྫས་བཟོ་གྲྭ་བརྒྱད་ནི་ཁེ་ལས་གཅིག་དང་འཁོར་ཁང་གཅིག་སྟེ། མཚོ་སྔོན་སན་ཞིན་གསར་དར་བཟོ་བཀོད་རྒྱུ་ཆ་ཚད་ཡོད་ཀུང་སིའི་འདག་རྫས་ནུས་གྲོན་ཐོན་སྐྱེད་བྱེད་ས་རེད་ལ། ཁེ་ལས་དེའི་བཟོ་གྲྭ་ནང་གི་རྡོ་སོལ་ཁྲོ་ཐབ་ལ་ཡང་ཁོར་སྲུང་གི་སྒྲིག་ཆས་ཆ་ཚང་མི་འདུག་པས། གནས་ཚུལ་ཞུ་གཏུག་བྱས་པ་དོན་དངོས་རེད།
ཐག་གཅོད་བྱས་ཚུལ། 2017ལོའི་ཟླ5བར། ཧོར་གྲོང་རྫོང་ཁོར་སྲུང་ཅུས་ཀྱིས་ཁྲིམས་ལྟར་ཁེ་ལས་ལ་སྒོར་ཁྲི5ཡི་ཆད་པ་བཅད། ཟླ8པའི་ཚེས16ཉིན་རྫོང་དེའི་གློག་འདོན་སྡེ་ཚན་གྱིས་ཁེ་ལས་དེ་ལ་གློག་འདོན་མཚམས་བཅད། རྫོང་དེའི་ཁོར་སྲུང་ཅུས་ཀྱིས་ཁྲིམས་བཞིན་ཁེ་ལས་ཀྱི་སྒོ་རྒྱག་ཏུ་བཅུག རྫོང་སྤྱི་བདེ་ཅུས་ཀྱིས་ཁྲིམས་ལྟར་ཁེ་ལས་དེའི་འབྲེལ་ཡོད་འགན་འཁུར་བ་བཞི་ལ་སྲིད་འཛིན་གྱི་བཀག་སྡོམ་བྱས། རྫོང་དེའི་རླུང་འཕྲིན་བརྙན་འཕྲིན་ཁང་གིས་ཁེ་ལས་དེས་ཁོར་ཡུག་ལ་འབག་བཙོག་བཟོས་པའི་ཁྲིམས་འགལ་བྱེད་སྤྱོད་ཁྱབ་བསྒྲགས་བྱས།
བདག་སྤྲོད་ཨང་གྲངས A0813010བ།
མང་ཚོགས་ཀྱི་ཞུ་གཏུག་གནས་ཚུལ། རྨ་ལྷོ་ཁུལ་གཅན་ཚ་རྫོང་ཁམས་ར་གྲོང་རྡལ་གྱི་རྡོ་ཟེགས་བཟོ་གྲྭས་རི་ཁོག་བརྐོས་ནས་སྣོད་བཅུད་ལ་གཏོར་བརླག་བཟོས་ཡོད་པ་དང་། ཁམས་ར་གྲོང་རྡལ་གྱི་བྲག་ཁང་སྣ་ཁ་གྲོང་ཚོས་སྔོ་ཚལ་རྟེན་གཞིའི་ཚལ་སྙིགས་སྟེང་ཞིང་སྤྱོད་སྨན་རྫས་བརྒྱབ་ནས་གཙང་དག་ཡག་པོ་བྱས་མེད་པ། གྲོང་ཚོ་དེའི་བོད་ལུགས་ཁྱིམ་ཆས་བཟོ་གྲྭའི་ཚོན་རྩི་དྲི་མ་ཧ་ཅང་སྟུག་ལ་སྣ་བར་གཟན་པས་ཉེ་སར་ཆགས་པའི་མང་ཚོགས་ཀྱི་བདེ་ཐང་ལ་གནོད་པ་བཟོ་བཞིན་འདུག
གནད་དོན་རྩད་ཞིབ། གཙན་ཚ་རྫོང་གིས་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱས་ནས་ཡུལ་དངོས་ལ་ལྟ་ཞིབ་བྱེད་དུས་ཞུ་གཏུག་བྱས་པའི་གནས་ཚུལ་ངོ་མ་རེད།
ཐག་གཅོད་བྱས་ཚུལ། གཙན་ཚ་རྫོང་ཁམས་ར་གྲོང་རྡལ་ལ་བསྡོམས་པའི་རྡོ་ཟེགས་བཟོ་གྲྭ་7ཡོད་པ་ཚང་མས་ལས་མཚམས་བཞག་ཡོད་ལ། ད་ལྟ་ཡང་བསྐྱར་རྡོ་ཟེགས་བཟོ་གྲྭ་འཛུགས་པའི་འཆར་འགོད་བཟོ་བཞིན་ཡོད། ཐོན་ལས་ཀྱི་འཆར་འགོད་དང་ཐོན་ལས་རིམ་སྤར་གྱི་བླང་བྱ་གཞིར་བཟུང་ནས་དུས་ལྟར་བཅོས་སྒྲིག་བྱེད་ངེས། གཞན་གཅན་ཚ་རྫོང་གི་འབྲེལ་ཡོད་སྡེ་ཚན་གྱིས་བྲག་ཁང་སྣ་ཁའི་སྔོ་ཚལ་རྟེན་གཞིར་སྙིགས་སྣོད་གཅིག་བཀོད་སྒྲིག་བརྒྱབ་པ་དང་། རྟེན་གཞི་རང་ངོས་ལ་འཚོ་བའི་གད་སྙིགས་དང་ཐོན་སྐྱེད་སྙིགས་རོ་ཕྱོགས་བསྡུས་ཀྱིས་གད་སྙིགས་ཐམས་ཅད་རང་རྟོགས་ཀྱིས་ཁམས་ར་གྲོང་རྡལ་གད་སྙིགས་གཅིག་བསྡུས་ཐག་གཅོད་བྱེད་སར་དྲུད་ནས་ཐག་གཅོད་དགོས་པའི་འགན་སྤྲད། སྔོ་ཚལ་རྟེན་གཞི་དེས་ད་སྔ་ཞིང་སྨན་སྣ་དགུ་བཀོལ་བ་ལེགས་སྒྲིག་བྱས་ཏེ། ལུད་རྫས་བཀོལ་སྤྱོད་དག་རྩིས་ཐོར་བཀོད་ནས་དོ་དམ་ནན་མོ་བྱེད་དུ་བཅུག་ཡོད། གཞན་སྔོ་ཚལ་སྟེང་གི་ཞིང་སྨན་ཚད་ལེན་ལས་ཁུངས་ལ་མངག་བཅོལ་གྱིས་ཚད་ལེན་བྱེད་དུ་བཅུག་ཡོད་པས། ཟླ8པའི་ཚེས27ཉིན་ལ་ཚད་ལེན་གྱི་མཇུག་འབྲས་ཡོང་ངེས་ཡིན། དུས་དེར་འབྲེལ་ཡོད་གནས་ཚུལ་ཕྱིར་ཡོངས་བསྒྲག་བྱ་རྒྱུ་མ་ཟད་མཇུག་འབྲས་ལ་བལྟས་ཏེ་ཆད་པ་གཅོད་རྒྱུ་རེད།
བདག་སྤྲོད་ཨང་གྲངསA0813073བ།
མང་ཚོགས་ཀྱི་ཞུ་གཏུག་གནས་ཚུལ། རྨ་ལྷོ་ཁུལ་གཙན་ཚ་རྫོང་གི་བཙོག་ཆུ་བཟོ་གྲྭས་བཙོག་ཆུ་ཐད་ཀར་རྨ་ཆུར་བཏང་ཡོད་པ་དང་། བཙོག་ཆུ་ཡོང་ས་གཅིག་རྨ་ཆུ་སྟོད་ཕྱོགས་ཀྱི་སྨི50མཚམས་ཡས་མས་སུ་ཡོད། བཙོག་ཆུ་ཡོང་ས་ཅིག་ཤོས་དེ་རྨ་ཆུའི་ཟམ་ཆེན་གྱི་འཁྲིས་སུ་ཡོད། གཅན་ཚ་རྫོང་གི་ཐང་རྒྱ་ལ་ཁའི་བྱེ་ཟེགས་བཟོ་གྲྭ་མང་པོས་སྡོང་བོ་རྩད་སློག་གིས་ས་འོག་ཏུ་མནན་ནས་ཁོར་ཡུག་ལ་གཏོར་བརླག་བཟོས། གཅན་ཚ་རྫོང་གི་བྱེ་ཟེགས་བཟོ་གྲྭ་དང་སོ་ཕག་བཟོ་གྲྭ་མང་པོའི་སྒོ་བརྒྱབ་ཡོད་ཀྱང་། རྫོང་དཔོན་གཞོན་པ་ཝ་ཆེ་གེ་མོ་དང་ཁོར་སྲུང་ཅུས་ཀྱི་འགོ་གཙོ་ཟླ་ཆེ་གེ་མོ་གཉིས་ཀྱིས་བཤད་པ་ལྟར་ན།ཁོར་སྲུང་ལྟ་ཞིབ་མཇུག་སྒྲིལ་རྗེས་ཡང་བསྐྱར་སྒོ་ཕྱེས་རྒྱུ་ཡིན་ཟེར་ཡང་། བྱེ་ཟེགས་བཟོ་གྲྭ་དང་སོ་ཕག་བཟོ་གྲྭ་མང་ཤོས་ཀྱིས་བཀོལ་སྤྱོད་བྱེད་པའི་འགྲོ་ལུགས་ཚང་མར་དོན་དངོས་ཀྱི་ནུས་པ་ཉམས་ཡོད་འདུག
གནད་དོན་རྩད་ཞིབ། གཅན་ཚ་རྫོང་གིས་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱས་ནས་ཡུལ་དངོས་སུ་ལྟ་ཞིབ་བྱེད་དུས། བཙོག་ཆུ་ཡོང་ས་དེ་གཉིས་རྨ་ཆུར་ལམ་ཆུ་ཡོང་ས་གཉིས་ཡིན་པས་འབག་བཙོག་བྱས་མི་འདུག ཟླ8པའི་ཚེས14ཉིན་ལ་ཡུལ་འདི་གར་དོ་དམ་གྱི་འགན་འཛིན་པའི་རྨ་ལྷོ་ཁུལ་གྱི་ཁུལ་དཔོན་གྱིས་ཁུལ་སྒྲིག་བཤེར་ཨུ་ལྷན་གྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱི་སྣེ་ཁྲིད་དེ་ཡུལ་དངོས་སུ་ལྟ་ཞིབ་བྱས་པ་ན། མང་ཚོགས་ཀྱིས་ཞུ་གཏུག་བྱས་པའི་གནས་ཚུལ་ངོ་མ་མ་རེད།
ཐག་གཅོད་བྱས་ཚུལ། ཁམས་ར་ལུང་པའི་བྱེ་ཟེགས་བཟོ་གྲྭ་བདུན་པོས་གློག་བཅད་ནས་ཐོན་སྐྱེད་ཀྱི་མཚམས་བཞག་ཡོད་པ་དང་། བྱེ་ཟེགས་བཟོ་གྲྭ་ལ་ཡང་བསྐྱར་འཆར་འགོད་བཟོས་ནས་ཐོན་ལས་འཆར་འགོད་དང་ཐོན་ལས་རིམ་སྤར་གྱི་བླང་བྱ་ལྟར་བཅོས་སྒྲིག་བྱེད་དུ་བཅུག་འདུག

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།