བྱ་མདོ་ཞང་གིས་སྐྱེ་ཁམས་ཁོར་སྲུང་ལྟ་ཞིབ“དོན་འཁེལ་གསུམ”གྱི་ཕན་འབྲས་ལ་ཁག་ཐེག་བྱས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཀོས་ནན་སྲིད་དོན། དུས་ཚོད།:2017-08-25 08:57:00 ཀློག་གྲངས།:
     སྔར་ལས་ལྷག་པའི་སྒོ་ནས་ཁུལ་དང་རྫོང་རིམ་པའི་ཁོར་སྲུང་གནད་དོན་དག་ཐེར་བྱ་བའི་འབྲེལ་ཡོད་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། གཅིག་བསྡུས་སྒོས་ཁོར་སྲུང་འབུར་ཐོན་གནད་དོན་ཐག་གཅོད། ཁོར་ཡུག་གཙང་དག་བྱེད་ཐབས་ལག་བསྟར་དོན་འཁེལ་བྱེད་ཆེད། བྱ་མདོ་ཞང་ཏང་ཨུ་དང་སྒྲིག་ཨུས་ཁོར་སྲུང་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་ཤིང་། ལྟ་སྐུལ་ཞིབ་བཤེར་ནུས་ཤུགས་ལ་སྔར་ལས་ཤུགས་སྣོན་དང་སྐྱེ་ཁམས་ཁོར་སྲུང་ལྟ་ཞིབ་ཀྱི“དོན་འཁེལ་གསུམ”རྒྱུན་འཁྱོང་བྱས་ཏེ། ཁོར་སྲུང་བྱ་བའི་ཕན་འབྲས་ལ་ཁག་ཐེག་བྱས།
     གཅིག་ནས་ལས་བྱེད་ཀྱི་འགན་འཁྲིར་ནུས་ཤུགས་གང་ཡོད་བཏོན་པར་ལྟ་ཞིབ་བྱས་པ། ལྟ་སྐུལ་ཚོ་ཆུང་སྐྱེ་ཁམས་ཁོར་སྲུང་ལེགས་སྒྲིག་བྱ་བའི་ཡུལ་དངོས་ལ་སོང་སྟེ། སྡེ་བ་སོ་སོ་དང་ལས་ཁུངས་སོ་སོའི་ལས་སྒྲུབ་མི་སྣས་ཧུར་ཐག་གིས་རྩ་འཛུགས་བྱས་ཏེ་ཁོར་སྲུང་ལེགས་སྒྲིག་བྱ་བ་ལག་བསྟར་བྱས་ཡོད་མེད་དང་། ལས་གནས་སུ་ཡོད་མེད། དྲིལ་སྒྲོག་གནད་ལ་འཁེལ་མིན་སོགས་ཀྱི་གནད་དོན་དུས་ཐོག་ཏུ་ཡོ་བསྲང་བྱས། གཉིས་ནས་ཁོར་སྲུང་གཙང་དག་ཕན་འབྲས་དོན་འཁེལ་ལ་ལྟ་ཞིབ་བྱས་པ། ལྟ་སྐུལ་ཚོ་ཆུང་གི་གཙོ་བོ་ཞང་དང་སྡེ་བའི་ལས་བྱེད་པའི་ཞང་ཏང་ཨུ་དང་སྲིད་གཞུང་གི་བླང་བྱ་ལྟར་ཁོར་སྲུང་ལེགས་སྒྲིག་བྱེད་ཐབས་ལག་བསྟར་དོན་འཁྱོལ་དང་། ལྟ་ཞིབ་བྱ་བ་གོང་འཕེལ་བྱུང་ཡོད་མེད། གང་འདོད་དུ་གད་སྙིགས་འཕེན་པ་དང་སྦག་བཙོག་སོགས་ཀྱི་སྣང་ཚུལ་ཡོད་མེད་ལ་དག་ཐེར་བྱས། གསུམ་ནས་ཁོར་སྲུང་ཡིག་སྐུར་ངོ་གཏུག་གནས་ཚུལ་སྒྲུབ་པར་ལྟ་ཞིབ་བྱས་པ། ཞང་སྒྲིག་ཨུའི་གཏུག་བཤེར་ཁ་པར་དང་གཏུག་བཤེར་ཡིག་སྒམ་སོགས་སྒྲིག་འགོད་བྱས་ཏེ། ཆེད་དུ་འགན་ཁུར་མི་སྣ་བཀོད་སྒྲིག་བྱས་ནས་ཡིག་སྐུར་ངོ་གཏུག་བྱེད་མཁན་ལ་སྣེ་ལེན་དང་། མང་ཚོགས་ཀྱི་བསམ་འཆར་སོགས་མྱུར་སྒྲུབ་མྱུར་བཅོས་བྱས།
     ཉིན་འདི་འགའི་རིང་། ཞང་སྒྲིག་ཨུས་སྣེ་ཁྲིད་དེ་བསྡོམས་པས་སྐྱེ་ཁམས་ཁོར་སྲུང་ལྟ་ཞིབ་བྱ་འགུལ་ཐེངས་གསུམ་ལ་སྤེལ་བ་དང་། ཁྱོན་ཡོངས་ནས་ས་ཁུལ་སོ་སོའི་ཁོར་སྲུང་གནད་དོན་རྩད་ཞིབ་བྱས་ཏེ། འགན་འཁྲིའི་འདུ་ཤེས་ཅུང་དམའ་བའི་སྡེ་བ་རིམ་པའི་ལས་བྱེད7དང་སྡེ་སྡོད་ལས2ལ་འགན་འཁྲི་རྩད་གཅོད་དང་ཞང་ཡོངས་ཀྱི་ཁྱབ་ཁོངས་ནས་སྐྱོན་བརྗོད་བྱས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།