ངོས་དང་པོ > སྣོད་བཅུད། > སྐྱེ་ཁམས་སྲུང་སྐྱོང་། > ཚྭ་འདམ་གཞོང་གི་ལྗང་མདོག་འཕེལ་རྒྱས་གླེང་སྟེགས་ན་གོར་མོ་ནས་སྤེལ།
ཚྭ་འདམ་གཞོང་གི་ལྗང་མདོག་འཕེལ་རྒྱས་གླེང་སྟེགས་ན་གོར་མོ་ནས་སྤེལ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་ལྷོའི་ཚགས་པར།
དུས་ཚོད།:2017-08-24 10:40:00
ཀློག་གྲངས།:
ཟླ8པའི་ཚེས22ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཚོ་སྔོན་ལ་རྟོག་ཞིབ་བྱས་ནས་ལོ་གཅིག་འགོར་བའི་དུས་སྐབས་དང་བསྟུན་ནས། 2017ལོའི་མཚོ་སྔོན་ཚྭ་འདམ་གཞོང་གི་ལྗང་མདོག་འཕེལ་རྒྱས་གླེང་སྟེགས་ན་གོར་མོ་གྲོང་ཁྱེར་ནས་བསྡུས་ཤིང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་ཕེ་ཧྭ་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝང་ཅན་ཅུན། རྒྱལ་ཁབ་སྲིད་འཛིན་སློབ་གླིང་གི་རྒྱུན་ལས་གླིང་གཙོ་གཞོན་པ་མཱ་ཅན་ཐང་བཅས་ཀྱིས་སོ་སོར་ཤིས་ཚིག་ཕུལ་བ་དང་། ཧྲིན་ཀྲང་གཞོན་པ་ཝང་ལིས་མེན་གྱིས་གླེང་སྟེགས་ལ་མགོ་འཛིན་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིས་ཞོན་ཧྲིན་གླེང་སྟེགས་སྟེང་ཞུགས།
མཱ་ཕེ་ཧྭ་ཡིས་ཤིས་ཚིག་ཁྲོད་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚབ་བྱས་ནས་གླེང་སྟེགས་བདེ་ལེགས་ངང་སྤེལ་བར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་ཏེ། མཚོ་སྔོན་གྱིས་རྒྱལ་ཡོངས་འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་ཐད་བྱས་རྗེས་འབུར་ཐོན་བཞག་པར་ཁས་ལེན་གང་ལེགས་དང་བཀའ་དྲིན་ཟོལ་མེད་ཞུས།
མཱ་ཕེ་ཧྭ་ཡིས་ནན་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་གྱིས་ཐེངས་འདིའི་གླེང་སྟེགས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབས་དང་རིམ་པ་དང་ཁྱད་པར་དུ་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་ཀྱི་གཏམ་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་དགོས། མགྱོགས་མྱུར་ངང་རྒྱལ་ཁབ་ཐོན་ཁུངས་བདེ་འཇགས་འཐབ་ཇུས་དང་འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་འཐབ་ཇུས། གསར་སྐྲུན་གྱིས་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི་འཐབ་ཇུས་བཅས་ལག་བསྟར་བྱེད་དགོས། མགྱོགས་མྱུར་ངང་ལྗང་མདོག་དཔལ་འབྱོར་འཕེལ་རྒྱས་མ་ལག་བཙུགས་ནས། ཐོན་ཁུངས་ཐོན་འབབ་ལས་ཆོད་བསྐྲུན་པ་དཀྱིལ་སྙིང་དུ་འཛིན་དགོས། བདེ་ཐང་གི་འཁོར་སྐྱོད་དཔལ་འབྱོར་ལག་རྩལ་ཞབས་ཞུ་མ་ལག་བཙུགས་ནས། སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་བསྡུས་བེད་སྤྱོད་ཀྱི་ཐོན་ཁུངས་ལེགས་པོ་ལུགས་མཐུན་ངང་སྔོག་འདོན་བྱེད་དགོས། ཁྱོན་ཡོངས་ནས་བཟོ་ལས་ར་བའི་འཁོར་རྒྱུག་ཅན་གྱི་ལེགས་བཅོས་བྱ་བ་ལག་བསྟར་བྱས་ནས། རྒྱལ་ཁབ་ནུབ་རྒྱུད་གསར་སྤེལ་གྱི་ཁྱད་ཆོས་རྫོགས་པའི་ཐོན་ལས་རྟེན་གཞི་འཛུགས་དགོས་ཤིང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བའི་ལས་དོན་ཡར་ལྡན་དུ་སྤེལ་ནས། མཚོ་སྔོན་གྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་རྒྱས། དམངས་ཚིས་ལེགས་བཅོས་བཅས་ཡར་ཐོན་ཡོང་བར་འགན་སྲུང་ལེགས་པོ་འདོན་སྤྲོད་བྱས་མཐར། རྒྱལ་ཡོངས་དང་འཛམ་གླིང་གི་འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་ཀྱི་རྩེ་གྲ་བརྩོན་ལེན་བྱས་མཐར། འཁོར་རྒྱུག་འཕེལ་རྒྱས་ལ་བྱས་རྗེས་ཆེན་པོ་འཇོག་པར་འབད་དགོས་ཞེས་བསྟན།
མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱི་མངགས་བཅོལ་ལྟར། ཝང་ཅན་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཤིས་ཚིག་ཕུལ། ཁོས་བཤད་རྒྱུར། ད་ལོ་ནི་ལོ་དམིགས་བསལ་བ་ཞིག་ཡིན། ལོ་ངོ་གཅིག་འདས་པའི་ན་ནིང་གི་ད་ཚོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཚོ་སྔོན་གྱི་བྱ་བར་རྟོག་ཞིབ་བྱས། དེ་རིང་ང་ཚོ་ལྷན་དུ་མཚོ་ནུབ་ནས་འཛོམས་ཏེ་མཛེས་པའི་ཁ་སང་ལ་ཕྱིར་དྲན་བྱེད་ཞོར། མགོ་ཁྲིད་ཀྱི་ཐུགས་དགོངས་ཟབ་མོ་ཡིད་ལ་བཅངས་ནས་མཉམ་དུ་སྒྱུར་བ་བཞིའི་བསམ་ཕྱོགས་གསར་བ་ལྟར་དུ་ཏན་ཏིག་བཞིའི་བླང་བྱ་གལ་ཆེན་དངོས་འབེབས་བྱས་ཤིང་། དེས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གཏམ་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་ཆབ་སྲིད་ཀྱི་གོ་གནས་མཚོན་པར་མ་ཟད། གོང་འོག་བར་གསུམ་ཚང་མའི་ཆབ་སྲིད་ཀྱི་འགན་སྒྲུབ་ལངས་ཕྱོགས་གསལ་རྗེན་དུ་མཚོན་ཡོད། གླེང་སྟེགས་ཀྱི་བརྗོད་སྙིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ་བཅས་ལག་ལེན་ལ་བསྟར་བར་མ་ཟད། ཏན་ཏིག་བཞིའི་བླང་བྱ་གལ་ཆེན་དངོས་འབེབས་དོན་འཁྱོལ་བྱས་པ་ལས་གཞན། སྒྱུར་བ་བཞིའི་བསམ་ཕྱོགས་གསར་བ་ལག་བསྟར་བྱས། ཚྭ་འདམ་གཞོང་གི་འཁོར་སྐྱོད་དཔལ་འབྱོར་ཚོད་ལྟ་ས་ཁུལ་ནི་རྒྱལ་ཁབ་ཀྱི་ཆོག་མཆན་ཐོབ་པའི་འཁོར་སྐྱོད་དཔལ་འབྱོར་བཟོ་ལས་ར་བ་ཐོག་མ་ཡིན་པ་དང་། ལོ་ངོ་བཅུ་གཉིས་ལ་དཀའ་སྤྱད་འབད་འཐབ་བརྒྱུད་དེ། སྐྱེ་ཁམས་དཔལ་ཡོན་གྱི་དུས་རབས་གསར་བར་བསྐྱོད་པའི་མཚོ་སྔོན་གྱི་རྣམ་པ་བཟང་བོ་གྲུབ། མ་འོངས་པར་སྔར་ལས་ལྷག་པའི་སྒོ་ནས་གསར་གཏོད་ཆད་མེད་དང་ནང་དོན་འཛོམས་པོ་ཅན་དུ་བཏང་ནས། འཐུས་སྒོ་ཇེ་ཚང་དུ་གཏོང་བ་བཅས་ཀྱི་ཁྲོད་ནས་ཉམས་མྱོང་ལེགས་པོ་ཞིག་ལེན་ཐུབ་དགོས་ཟེར།
ཐེངས་འདིའི་གླེང་སྟེགས་ནི་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གཙོ་སྒྲུབ་བྱས་ཤིང་། མཚོ་ནུབ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་དང་། ཚྭ་འདམ་གཞོང་འཁོར་སྐྱོད་དཔལ་འབྱོར་ཚོད་ལྟ་ས་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་བཅས་ཀྱིས་འགན་སྒྲུབ་བྱས།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།