ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་བ་དོན་དངོས་ལས་མགོ་བརྩམས་སོང་།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:བྲག་དཀར་རྫོང་ཉི་འོད་སྲིད་དོན། དུས་ཚོད།:2017-08-24 10:35:00 ཀློག་གྲངས།:
     ཁོར་སྲུང་ལྟ་དཔྱད་ལེགས་སྒྲིག་གི་བྱ་བ་དེ"ཏན་ཏན་ཏིག་ཏིག་གིས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་འགག་རྩ་བདེ་སྲུང"གི་རེ་བ་ཆེན་པོ་དང་ཡོངས་སུ་མཐུན་པའི་སྒོ་ནས་ལག་བསྟར་བྱ་ཆེད། ཆུ་ཁོལ་ཞང་གིས་མིག་སྔར་གྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་ཁུར་ལྕི་མོར་དམིགས་ཏེ། གནད་དོན་གཙོ་བོ་རྩད་གཅོད་དང་། ལག་བསྟར་ཇེ་མགྱོགས། འབྲེལ་ཡོད་སྡེ་ཁག་དང་ཟུང་འབྲེལ་སྒོས་ཁོར་སྲུང་ལེགས་སྒྲིག་གི་བྱ་བ་ནན་ཏན་གྱིས་བསྒྲུབས།
     གཅིག  ཞང་སྲིད་གཞུང་གིས་སྡེ་བ་སོ་སོས་འབྲེལ་ཡོད་མི་སྣ་རྩ་འཛུགས་སྒོས། སྡེ་བའི་ནང་གི་གད་སྙིགས་མང་ས་དང་འདམ་དང་འབྱར་པའི་འགྱིག་ཤོག་གི་རིགས་གཙང་སེལ་ཐེངས་ཤིག་བྱས།
     གཉིས། སྡེ་ཁུལ་གྱི་ལས་སྒྲུབ་མི་སྣ་དང་སྡེ་བའི་ཁོར་སྲུང་མི་སྣ་རྩ་འཛུགས་བྱས་ཏེ། སྙིགས་འཁོར་བཞི་དང་རླངས་འཁོར་ཆེ་བ་གཉིས། བརྐོ་འཁོར་གཅིག་བཅས་ཀྱིས་ཆུ་ཁོལ་ཞང་གི་ཚོང་ར་དང་གུང་ཧོ་ནས་ཡུལ་ཤུལ་བར་གྱི་གཞུང་ལམ་གཡས་གཡོན་གྱི་འཚོ་བའི་གད་སྙིགས་དང་ཨར་ལས་གད་སྙིགས་ཡོད་སའི་ས་གནས32ལ་གཙང་སེལ་བྱས།
     གསུམ། སྤྱི་ཟླ་བརྒྱད་པའི་ཚེས་ཉེར་གཅིག་ཉིན། ཆུ་ཁོལ་ཞང་གིས་ལས་བྱེད་མི་སྣ་ཡོངས་རྩ་འཛུགས་བྱས་ཏེ། གསེར་ཐང་གི་སྲིད་གཞུང་ཡོད་སའི་ར་སྐོར་གྱི་ཕྱི་ནང་ཀུན་དང་། རྔ་ཐང་ནས་ཆུ་ཁོལ་བར་གྱི་གཞུང་ལམ་གྱི་གཡས་གཡོན་དང་། གསེར་ཐང་གཏེར་ཁུལ་གྱི་གད་སྙིགས་ལ་གཙང་སེལ་བྱས། དེར་མ་ཟད། འཕྲེད་བྱང་བཅོ་ལྔ་དང་དྲིལ་སྒྲོག་བྱང་བུ་སོ་གཉིས་བཀལ་ནས་ཉེ་ལོགས་ཀྱི་རོང་འབྲོག་མང་ཚོགས་ལ་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་ཤེས་བྱ་དྲིལ་སྒྲོག་གང་ལེགས་བྱས།
     བཞི། ཞལ་དཀར་ཁོར་ཡུག་ཚོགས་པས་མི་དྲུག་ཅུ་ཚན་ཁག་དྲུག་ཏུ་བགོས་ནས། དགུ་སྐམ་ནས་གསེར་ཐང་དང་ཆུ་སྔོན་བར་གྱི་ས་མཚམས་ཀྱི་འཚོ་བ་དང་རྩྭ་ས་སོགས་ཀྱ་གད་སྙིགས་ཏུན་གསུམ་ལྷག་གཙང་སེལ་བྱས་འདུག
      ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་བ་ནི་རྒྱང་རིང་ཞིང་དཀའ་ཚེགས་ཆེ་བའི་ལས་དོན་ཞིག་ཡིན་པས། ཆུ་ཁོལ་ཞང་གི་ཞང་གཙོ་མགོན་པོ་རྒྱལ་གྱིས་རྗེས་ཕྱོགས་ཀྱི་ཁོར་སྲུང་ལེགས་སྒྲིག་གི་བྱ་བའང་ཕྱོགས་བཞི་ནས་བཀོད་སྒྲིག་ཞིབ་མོ་བྱས་འདུག


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།