མགོ་མང་སྤྱི་ཕན་ཁོར་ཡུག་གཙང་སྦྲ་བཅོས་སྐྱོང་མཐུན་ཚོགས་ཀྱིས་གད་སྙིགས་བཏུས་ཏེ་ཁོར་ཡུག་སྲུང་སྐྱོབ་བྱས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2017-08-07 10:05:00 ཀློག་གྲངས།:


མགོ་མང་སྤྱི་ཕན་ཁོར་ཡུག་གཙང་སྦྲ་བཅོས་སྐྱོང་མཐུན་ཚོགས་ཀྱིས་གད་སྙིགས་བཏུས་ཏེ་ཁོར་ཡུག་སྲུང་སྐྱོབ་བྱས།

   སྤྱི་ཟླ7པའི་ཚེས31ཉིན་ནས་སྤྱི་ཟླ8པའི་ཚེས3བར། བསྟུད་མར་ཉིན་བཞི་ཡི་རིང་ལ་མང་རྫོང་མགོ་མང་གྲོང་རྡལ་གྱིས་ལོ་རེར་སྒྲུབ་བཞིན་པའི་སྐབས་གསུམ་པའི་བྲ་དཀར་རིག་གནས་ཡུལ་སྐོར་དུས་ཆེན་དང་མི་རིགས་མཁོ་ཆས་འགྲེམ་སྟོན་ཚོང་འདུའི་མཛད་སྒོ་དེ་མཚོ་ལྷོ་ཁུལ་མང་རྫོང་མགོ་མང་གྲོང་རྡལ་ནས་སྤེལ་ཞིང་།སྐབས་འདིར་ཕྱོགས་སོ་སོའི་ལྟད་མོ་བ་དང་ཚོང་བ་སོགས་མི་མང་བོ་མགོ་མང་ལ་འཛོམས་ཤིང་།དེ་དག་ལས་ཐོན་པའི་གད་སྙིགས་ཀྱི་ཐོན་ཚད་ཀྱང་ཧ་ཅང་མཐོ་བས། མགོ་མང་གྲོང་རྡལ་གྱི་མཐའ་འཁོར་དང་དུས་སྟོན་སྐབས་ཀྱི་བྱ་འགུལ་སྤེལ་ཡུལ་སོ་སོར་ཚད་མི་འདྲ་བའི་གནོད་སྐྱོན་དང་སྦགས་བཙོག་མི་ཐེབས་པའི་ཆེད་དུ། མང་རྫོང་མགོ་མང་གྲོང་རྡལ་སྤྱི་ཕན་ཁོར་ཡུག་གཙང་སྦྲ་བཅོས་སྐྱོང་མཐུན་ཚོགས་ཀྱིས་དུས་ཐོག་ཏུ་ཚོགས་འདུ་བསྡུས་ཏེ་མཐུན་ཚོགས་ཏང་ཀྲི་པུའུ་ཡི་སྣེ་ཁྲིད་འོག་མཐུན་ཚོགས་གུང་གཞོན་ཚོགས་པ་དང་མཐུན་ཚོགས་བཟོ་ཚོགས། ཚན་ཆུང་སོ་སོའི་ཚན་མི་བཅས་ཆ་སྙོམས་ཉིན་རེར་ཚོགས་མི930བརྒྱད་གཅིག་སྐབས་ཀྱི་ཁོར་སྲུང་བྱ་འགུལ་ལ་ཞུགས་ཏེ་ཉིན་དང་པོར་རྟ་རྒྱུགས་ཁུལ་ནས་འཁོར་བསྐྱོད་སྒོས་དེར་ཡོད་མི་དམངས་ལ་གད་སྙིགས་བདག་དོམ་བྱེད་ཐབས་དང་ཁོར་སྲུང་ཤེས་བྱ་དྲིལ་བསྒྲགས་བྱས་པར་མ་ཟད་གད་སྙིགས་འཐུ་བ་སོགས་ཀྱི་བྱ་འགུལ་སྤེལ། ཕྱི་དྲོར་གད་སྙིགས་རླངས་འཁོར་བཞི་ལྷག་དྲུད་དེ་མགོ་མང་གད་སྙིགས་ར་བར་བྱོ།


གད་སྙིགས་འཐུ་བའི་ཡུལ་དངོས།

     ཉིན་གཉིས་པ་ནས་བཞི་བའི་བར་མགྲོན་པོ་ཉིན་སྔོན་མ་ལས་མང་བའི་དབང་གིས་མགྲོན་པོས་གཏོར་བའི་གད་སྙིགས་ཀྱང་ཉིན་སྔོན་མ་ལས་མང་བར་དམིགས་ནས་ངེད་མཐུན་ཚོགས་ཀྱིས་ཚོགས་མི་དག་སྐོར་ཁག་གསུམ་དུ་བགོས་ནས་རིག་རྩལ་འཁྲབ་སྟོན་ཁུལ་དང་མདའ་འཕེན་འགྲན་ཁུལ། རི་གླུ་འགྲན་ཁུལ་བཅས་ནས་གཅིན་སྐྱག་ནང་གི་གཙང་ཤོག་ལ་སོགས་ཀྱང་འཛེམ་དོགས་མེད་པར་བཏུས་ནས་གད་སྙིགས་རླངས་འཁོར13ལྷག་མེད་པར་བཏང་པས། ལྟད་མོ་བ་དག་ལ་སེམས་ཁམས་སྐྱིད་ཅིང་སྤྲོ་བ་འཕེལ་བའི་མཁའ་དབུགས་ཤིག་དང་དྭངས་གཙང་གི་ཁོར་ཡུག་ཅིག་བསྐྲུན།


གད་སྙིགས་འཐུ་བའི་ཡུལ་དངོས།

     སྤྱི་ཟླ8པའི་ཚེས4ཉིན། བརྒྱད་གཅིག་སྐབས་ཀྱི་ཚོང་བ་སོ་སོའི་རུ་བཀལ་ཤུལ་ནས་སླར་ཡང་གད་སྙིགས་མང་བོ་ཞིག་ཐོན་གྱིན་པར་དམིགས་ནས། དགོས་མེད་ཀྱི་གད་སྙིགས་དེ་དག་ཡོངས་སུ་མེད་པར་བྱེད་ཆེད། མཐུན་ཚོགས་ཀྱི་ཚོགས་མི800ཡས་མས་སླར་ཡང་བརྒྱད་གཅིག་སྐབས་ཀྱི་མཇུག་མཐའི་ཁོར་ཡུག་གཙང་སྦྲའི་བྱ་འགུལ་ལ་ཞུགས་ནས་གད་སྙིགས་རླངས་འཁོར་ལྔ་ཙམ་བཏུས་ནས་དྲུད་དེ་གད་སྙིགས་ར་བར་བྱོ་པས། དུས་ཆེན་གྱི་ཚོགས་ར་དེ་དག་སྔར་ལྟར་གཙང་ཞིང་གྲ་དག་པར་བྱས་པའོ།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།