ངོས་དང་པོ > སྣོད་བཅུད། > སྐྱེ་ཁམས་སྲུང་སྐྱོང་། > ཁྲི་ཀ་རྫོང་གིས་སྐྱེ་ཁམས་སྲུང་སྐྱོབ་འདུ་ཤེས་རྒྱུན་འཁྱོངས་བྱས་ནས་ལྗང་མདོག་འཛུགས་སྐྲུན་བྱེད་པ།
ཁྲི་ཀ་རྫོང་གིས་སྐྱེ་ཁམས་སྲུང་སྐྱོབ་འདུ་ཤེས་རྒྱུན་འཁྱོངས་བྱས་ནས་ལྗང་མདོག་འཛུགས་སྐྲུན་བྱེད་པ།
རྩོམ་པ་པོ།:ཚེ་རིང་འབུམ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2017-04-25 17:13:00
ཀློག་གྲངས།:
གསར་འགོད་པས་རྒྱུས་ལོན་པ་ལྟར་ན། ཁྲི་ཀ་རྫོང་གིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་སྐབས་གཉིས་པའི་འཆར་འགོད་ལག་བསྟར་བྱེད་པ་དང་། ས་ཆུ་ཤོར་བའི་རྣམ་པར་འགོག་བཅོས་བྱེད་པ་དང་ལྗང་མདོག་གི་ཁྲི་ཀ་འཛུགས་སྐྲུན་བྱེད་པ་གཉིས་ཟུང་འབྲེལ་བྱེད་པའི་བྱེད་ཐབས་སྤྱད་དེ་མ་དངུལ་སྒོར་དུང་ཕྱུར2.4118བཏང་ནས་རྨ་ཆུའི་འགྲམ་གཉིས་ཀྱི་སྐྱེ་ཁམས་བདེ་འཇགས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་བ་དང་མིས་བཟོས་ནགས་ཚལ་སྤྱི་ཆིངས334ཡོངས་འགྲུབ་བྱས་ལ། ཨ་བྲའི་གནོད་པ་ཐེབས་པའི་རྩྭ་ས་སྤྱི་ཆིངས་ཁྲི7ལྷག་བཅོས་སྐྱོང་བྱས་ནས་སྐྱེ་ཁམས་ཁོར་ཡུག་གི་རྣམ་པར་མངོན་གསལ་གྱིས་ལེགས་བཅོས་བྱུང་བ་དང་ས་ཆུ་སྲུང་འཛིན་གྱི་ནུས་པ་མངོན་གསལ་གྱིས་མཐོར་འདེགས་བྱུང་། རྫོང་ཡོངས་ཀྱི་སྐྱེ་དངོས་ཀྱི་ཁྱབ་ཚད2010ལོའི51.2%ནས་ད་ལྟའི82.98%ཇེ་ཆེར་སོང་བ་དང་། ནགས་ཚལ་གྱི་ཁེབས་ཚད་སྔར་ཡོད་ཀྱི7.39%ནས་ད་ལྟའི13.98%ཇེ་ཆེར་སོང་སྟེ་སྤྱི་ཚོགས་ཀྱི་ཕན་ཁེ་དང་དཔལ་འབྱོར་གྱི་ཕན་ཁེ་མངོན་གསལ་ཐོབ།
ཁྲི་ཀ་རྫོང་གིས་སྐྱེ་ཁམས་ཞིང་ཕྱུགས་ལས་འཕེལ་རྒྱས་གཏོང་བའི་བྱ་བའི་ཁྲོད་སྐྱེ་ཁམས་སྲུང་སྐྱོབ་ཨང་དང་པོར་འཛིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས་རྒྱུན་ཆད་མེད་པར་རིགས་སོ་སོའི་མང་ཚོགས་ལ་སྣེ་ཁྲིད་བྱས་ཏེ་རང་འགུལ་གྱིས་རྨ་ཆུའི་བཞུར་རྒྱུན་གྱི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དུ་བཅུག་པ་དང་དུས་རིམ་བགོས་ཏེ་འཛུགས་སྐྲུན་ལེགས་འགྲུབ་བྱུང་བའི་རྒྱལ་ཁབ་ས་གཤིས་སྤྱི་གླིང་དང་རྒྱལ་ཁབ་བརླན་སའི་སྤྱི་གླིང་སོགས་ལ་ཞིབ་བཤེར་བྱས། དེ་དང་མཉམ་དུ་ས་ནག་ཐང་སྤྱི་ཆིངས300བཅོས་སྐྱོང་བྱས་པ་དང་ཨ་བྲའི་གནོད་པ་ཐེབས་པའི་རྩྭ་ས་སྤྱི་ཆིངས་ཁྲི21800བཅོས་སྐྱོང་བྱས་པས་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་ནུས་པ་ཇེ་དྲག་ཏུ་བཏང་བ་དང་སྐྱེ་ཁམས་ཇེ་ཞན་དུ་སོང་བའི་ས་ཁོངས་ལ་ནུས་ཡོད་སྒོས་བཅོས་སྐྱོང་དང་རླུང་འགོག་བྱེ་འཇགས་དང་ཆུའི་ཐོན་ཁུངས་སྲུང་སྐྱོབ་བྱེད་པའི་ནུས་པ་མགྱོགས་མྱུར་གྱིས་མཐོར་འདེགས་བྱུང་།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།