ནོར་དཀར་ཕ་ས་དཔའ་རིས་ཡུལ་གྲུ་ན།། སྐད་གཉིས་འཆམ་མཐུན་གཟི་འོད་ཁད་ཀྱིས་མངོན།།

རྩོམ་པ་པོ།:འབྲུག་བྱམས་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2017-04-12 11:04:00 ཀློག་གྲངས།:

 

ཚོགས་རའི་ཡུལ་དངོས།

      2017ལོའི་ཟླ4བའི་ཚེས11ཉིན། དཔའ་རིས་བོད་རང་སྐྱོང་རྫོང་བོད་སྐད་ཡིག་བྱ་བའི་ལས་ཤག་གིས་རང་རྗོང་གི་ཁོར་ཡུག་གཙང་སྦྲ་ལེགས་པོ་བྱས་ཏེ། དཔལ་ཡོན་མཁར་གྲོང་འཛུགས་བསྐྲུན་ཞེས་པའི་ཁ་གཡང་དང་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་བོད་སྐད་ཡིག་བྱ་བའི་ལས་ཤག མཚོ་བྱང་རྐང་ཚའི་དམངས་སྲིད་ཅུས་ཀྱི་ལས་བྱེད་མི་སྣ་དག་རང་རྫོང་གི་སྐད་གཉིས་འཆམ་མཐུན་ལས་གཞི་བྱ་བར་ཞིབ་དཔྱད་སློབ་སྦྱོང་དུ་ཕེབས་པ་ལ་རང་ལས་ཤག་གིས་ཆེད་དུ་ཡང་བསྐྱར་རྗོང་མི་རིགས་སློབ་འབྲིང་ནས་རྒྱལ་ཡོངས་སྐད་གཉིས་འཆམ་མཐུན་གྲོང་སྡེ་བསྐྱེད་སྲིང་ལས་འགུལ་སྤེལ།

       ཐེངས་འདིའི་ལས་འགུལ་ལ་བོད་ལུགས་སྨན་གཞུང་དང་དམངས་སྲོལ་རིག་གནས་ལ་རྒྱུས་མངའ་བའི་སྨན་པ་གྲགས་ཅན་ནམ། རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་རྒྱུན་སྐྱོང་མཁས་ཅན་རྒན་དཔའ་རིས་བསོད་ནམས་ཚེ་རིང་མཆོག་གདན་དྲངས་ཏེ། མཚོ་སྔོན་མཚོ་བྱང་ཁུལ་ནས་སྐད་གཉིས་འཆམ་མཐུན་ལས་གཞི་ལ་བརྟག་དཔྱད་དུ་ཕེབས་པའི་སྐུ་མགྲོན་རྣམ་པ་དང་སྐད་གཉིས་འཆམ་མཐུན་གྲོང་སྡེའི་འབྲོག་མི་སྐོར་ཞིག རང་རྫོང་གི་བོད་རྒྱ་སྐད་གཉིས་ཀྱི་དགེ་རྒན་སོགས་མི60ལྷག་ལ་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱིས་ཁོར་ཡུག་སྲུང་སྐྱོབ་ལ་ཞུ་བའི་རམ་འདེགས་དང་དེ་རྒྱུད་འཛིན་གོང་སྤེལ་གྱི་དགེ་མཚན་བརྗོད་བྱར་བཞག་ནས་འཆད་ཁྲིད་གནང་།  ཁོང་གིས་ས་ཆུ་ནགས་རི་ལ་བསྙེན་བཀུར་བྱེད་ལུགས་སོགས་ཀྱི་དཔའ་རིས་དམངས་སྲོལ་གང་མང་མཚམས་སྦྱོར་བྱས་ཏེ། གནའ་མིའི་སྲོལ་རྒྱུན་བཟང་བོས་མི་དང་ཁོར་ཡུག་འཆམ་མཐུན་དང་། ནང་སྒོས་སུ་དེང་དུས་རྒྱལ་ཁབ་ཡོངས་ཀྱིས་མིའི་རིགས་ཡུན་རིང་འཚོ་གནས་ཐུབ་མིན་ལ་རག་ལས་པའི་ཁོར་ཡུག་སྲུང་སྐྱོབ་ལ་རྔོ་མི་དམན་པ་ཐོགས་ཐུབ་པ་སོགས་གསུངས།

འབྲེལ་ཡོད་པར་རིས་ཁག







འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།