མང་རྫོང་མགོ་མང་གྲོང་རྡལ་སྤྱི་ཕན་ཁོར་ཡུག་གཙང་སྦྲ་མཐུན་ཚོགས་ཀྱིས་ཁོར་ཡུག་གཙང་སྦྲའི་བྱ་འགུལ་སྤེལ་བ།

རྩོམ་པ་པོ།:ལྷ་འབུམ་ཡག ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-11-21 15:22:00 ཀློག་གྲངས།:


མང་རྫོང་མགོ་མང་གྲོང་རྡལ་སྤྱི་ཕན་ཁོར་ཡུག་གཙང་སྦྲ་མཐུན་ཚོགས་ཀྱིས་ཁོར་ཡུག་གཙང་སྦྲའི་བྱ་འགུལ་སྤེལ་བ།

     སྤྱི་ཟླ11པའི་ཚེས18ཉིན། མང་རྫོང་མགོ་མང་གྲོང་རྡལ་སྤྱི་ཕན་ཁོར་ཡུག་གཙང་སྦྲ་བཅོས་སྐྱོང་མཐུན་ཚོགས་མུ་གེ་ཐང་ཚན་ཆུང་གིས་ད་ལོའི་དགུན་དུས་ཀྱི་ཁོར་ཡུག་གཙང་སྦྲ་བྱས།


ཀུན་གྱིས་མཐོང་ཡང་སུས་ཀྱང་སྣང་དོགས་མི་བྱེད་པའི་ཁྱིམ་ཚང་ཉེ་འཁོར་གྱི་གད་སྙིགས།

གང་སར་འཕོས་པའི་གད་སྙིགས།

     མུ་གེ་ཐང་ས་ཁུལ་ལ་མཚོན་ན་ས་རྒྱ་ཆེ་ཞིང་མི་རིགས་མང་པོ་འདུས་སྡོད་བྱས་ཡོད་སྟབས། ཞིང་ལས་གད་སྙིགས་དང་འཛུགས་བསྐྲུན་གད་སྙིགས། འཚོ་བའི་རྒྱུན་སྤྱོད་གད་སྙིགས་སོགས་ཀྱིས་ག་ས་གང་དུ་ཁྱབ་ཡོད་པར་དམིགས་ནས་མཐུན་ཚོགས་ཀྱི་འགན་འཛིན་མི་སྣ་དང་སྡེ་བ་སོ་སོའི་ཚན་གཙོ།  གསེར་ཐང་ཚན་ཆུང་གི་ཚོགས་མི་བདུན་བཅུ་ལྷག་གིས་ཚན་སྐོར་གསུམ་ལ་བགོས་ནས།  རྩྭ་ལས་ཀུང་ཟིའི་ཡན་ལག་གསུམ་པ། བཞི་བ། དྲུག་པའི་རུ་ཁག་དགུ་དང་སྟོང་སྐོར་སྡེ་བ། དེ་མིན་རྟ་ར་རུ་ཁག་གཉིས་པ་ནས་ཞིང་སྡེ་བརྒྱད་པའི་བར་སྤྱི་ལེ་བདུན་བཅུར་ཉེ་བའི་ལམ་འགྲམ་གྱི་གད་སྙིགས་རླངས་འཁོར་ཆེ་ཆུང་བཅུ་ལས་བརྒལ་བ་བཏུས་ཏེ་རྟ་ར་ལྔ་བ་རུ་མེ་ལ་བསྲེགས་པ་དང་ས་འོག་ཏུ་འཇུག་ཆོག་པའི་གད་སྙིགས་དག་ས་འོག་ཏུ་འཇུག་པའི་ཐབས་ལམ་སྤྱད་ནས་མེད་པར་བྱས་པས་གསེར་ཐང་ས་ཁུལ་གྱི་ཡུལ་གྲུ་སོ་སོ་སྔར་ལས་གཙང་ཞིང་གྲལ་དག་པར་བྱས།


གཙང་སྦྲ་བྱས་པའི་གད་སྙིགས་སྣ་ཚོགས།

འཚོ་བའི་རྒྱུན་སྤྱོད་གད་སྙིགས་ལ་བདག་བྱེད་བཞིན་པ།

མི་གཙང་གད་སྙིགས་ཐམས་ཅད་ཕྱོགས་གཅིག་ཏུ་འཕོ་བཞིན་པ།

ཁོར་ཡུག་གཙང་སྦྲའི་སྐོར་ནས་བགྲོ་གླེང་བྱེད་བཞིན་པ།

ཐེངས་འདིའི་བྱ་འགུལ་ལ་ཞུགས་པའི་ཁོར་སྲུང་དང་བླངས་པའི་ཚོགས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།