མགོ་མང་གྲོང་རྡལ་སྨར་ཁམས་སྡེ་བས་ཁོར་ཡུག་གཙང་སྦྲའི་བྱ་འགུལ་སྤེལ་བ།

རྩོམ་པ་པོ།:ལྷ་འབུམ་ཡག ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-11-08 09:27:00 ཀློག་གྲངས།:8840


མགོ་མང་གྲོང་རྡལ་སྨར་ཁམས་སྡེ་བས་ཁོར་ཡུག་གཙང་སྦྲའི་བྱ་འགུལ་སྤེལ་བ།

     སྤྱི་ཟླ11པའི་ཚེས7ཉིན། མང་རྫོང་མགོ་མང་གྲོང་རྡལ་སྤྱི་ཕན་ཁོར་ཡུག་གཙང་སྦྲ་བཅོས་སྐྱོང་མཐུན་ཚོགས་སྨར་ཁམས་ཚན་ཆུང་གིས་སྔར་ལས་ལྷག་པའི་སྒོ་ནས་མགོ་མང་གྲོང་རྡལ་སྨར་ཁམས་སྡེ་བའི་ས་ཁུལ་དྲུག་ལྷག་གི་ཁོར་ཡུག་གཙང་སྦྲའི་གནས་ཚུལ་ལ་བཅོས་སྐྱོང་བྱེད་པ་དང་། སྡེ་བའི་སྡེ་གསར། 108གཞུང་ལམ་སྟེང་མགྲོན་པོས་གང་སར་འཕངས་པའི་གད་སྙིགས་ཀྱི་གནོད་པ་སེལ་ཆེད། དགུན་དུས་ཀྱི་ཁོར་ཡུག་གཙང་སྦྲ་བྱས་ཤིང་། དེར་མཐུན་ཚོགས་ཀྱི་འགན་ཛིན་མི་སྣ་དང་སྡེ་བ་སོ་སོའི་ཚན་གཙོ། སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་བཀོད་སྒྲིག་བྱས་པའི་མང་ཚོགས།ཁྱོན་མི་གྲངས150ལྷག་གིས་བྱ་འགུལ་འདིར་ནུས་པ་ཆེན་པོ་བཏོན་ཏེ་ས་ཁུལ་སོ་སོའི་གད་སྙིགས་དག་གཙང་སེལ་བྱས་ཤིང་ཕྱོགས་གཅིག་ཏུ་བསྡུས་པ་དང་། མཐར་མཐུན་ཚོགས་ཀྱི་རླངས་འཁོར་གཉིས་དང་ཚན་ཆུང་གིས་བཀོད་སྒྲིག་བྱས་པའི་རླངས་འཁོར་ཆེ་ཆུང་བརྒྱད་ཀྱིས་དྲུད་ནས་གྲོང་རྡལ་གད་སྙིགས་ར་བར་བྱོ་ནས་མེད་པར་བྱས།


གད་སྙིད་གཙང་སྦྲ་བྱེད་བཞིན་པ།

ལམ་འགྲམ་གྱི་གད་སྙིགས།

སྡེ་གསར་ཉེ་འཁོར་ལ་གཙང་སྦྲ་བྱེད་བཞིན་པ།

སྡེ་གསར་ཉེ་འཁོར་ལ་གཙང་སྦྲ་བྱེད་བཞིན་པ།

གད་སྙིགས་ལ་བདག་བྱེད་བཞིན་པ།

གད་སྙིགས་སྐྱེལ་བཞིན་པ།

ཐེངས་འདིའི་བྱ་འགུལ་ལ་ཞུགས་པའི་ཁོར་སྲུང་བའི་མཉམ་པར།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།