མགོ་མང་གྲོང་རྡལ་ཤ་རྒྱ་སྡེ་བས་ཁོར་ཡུག་སྲུང་སྐྱོང་གི་བྱ་འགུལ་སྤེལ་བ།

རྩོམ་པ་པོ།:འབུམ་བྱམས་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-11-03 16:56:00 ཀློག་གྲངས།:


མགོ་མང་གྲོང་རྡལ་ཤ་རྒྱ་སྡེ་བས་ཁོར་ཡུག་སྲུང་སྐྱོང་གི་བྱ་འགུལ་སྤེལ་བ།

     སྤྱི་ཟླ11པའི་ཚེས2ཉིན།   མང་རྫོང་མགོ་མང་གྲོང་རྡལ་སྤྱི་ཕན་ཁོར་ཡུག་གཙང་སྦྲ་བཅོས་སྐྱོང་མཐུན་ཚོགས་ཀྱི་འགན་འཛིན་མི་སྣ་དང་།  ཤ་རྒྱ་ཚན་ཆུང་གི་ཚོགས་མི་ཡོངས།  སྡེ་དམངས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་མི་སྣ། དེ་མིན་སྡེ་བའི་མང་ཚོགས་སོགས་མི་བདུན་ཅུ་ལྷག་ཁོར་སྲུང་བྱ་འགུལ་ལ་ཞུགས་ཏེ། ཤ་རྒྱ་སྡེ་གསར་དང་འབྲི་དེའུ་ཐང་། མདོ་རྩེ་གཞུང་ལམ་གཡས་གཡོན།  མུ་གེ་ཐང་གི་གཞུང་ལམ་གཡས་གཡོན་ལ་སོགས་ལ་གཙང་སེལ་ལེགས་པོ་ཐེངས་གཅིག་བརྒྱབ། ལམ་འགྲམ་གཡས་གཡོན་ན་གད་སྙིགས་ཧ་ཅང་མང་པོ་གཏོར་ཡོད་པས། མི་ཚང་མས་འགྱིག་ཁུག་ཆེ་བ་རེ་དང་སྐམ་པ་མཆུ་རིང་རེ་བཟུང་སྟེ་གད་སྙིགས་རླངས་འཁོར་གཉིས་ཙམ་བཏུས། གཞན་ཡང་མདོ་རྩེ་ལམ་འགྲམ་གྱི་བྱེ་འགོག་སྡོང་ར་དང་སྡེ་གསར་གྱི་སྲང་ལམ་སོ་སོ།  ད་དུང་སྡེ་གསར་ཉེ་འགྲམ་གྱི་གྲམ་ཁའི་གད་སྙིགས་སོགས་བཏུས་ཏེ། མཛེས་སྡུག་གི་གྲོང་སྡེ་དང་གྲལ་དག་པའི་ཁོར་ཡུག་ཅིག་བསྐྲུན་པར་ནུས་པ་རྒྱ་ཆེར་བཏོན།


ལམ་འགྲམ་གཡས་གཡོན་གྱི་གད་སྙིགས་འཐུ་བཞིན་པ།

ལམ་འགྲམ་གཡས་གཡོན་གྱི་གད་སྙིགས་འཐུ་བཞིན་པ།

གཞུང་ལམ་གཡས་གཡོན་གྱི་གད་སྙིགས་འཐུ་བཞིན་པ།

སྡེ་གསར་ཉེ་འཁོར་གྱི་གད་སྙིད་ལ་གཙང་སྦྲ་བྱེད་བཞིན་པ།

གད་སྙིགས་ལ་བདག་བྱེད་བཞིན་པ།

གད་སྙིགས་ལ་བདག་བྱེད་བཞིན་པ།

ཐེངས་འདིའི་བྱ་འགུལ་ལ་ཞུགས་པའི་ཁོར་སྲུང་བའི་མཉམ་པར།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།