བྲག་དཀར་རྫོང་མི་རིགས་སློབ་འབྲིང་དང་པོས་ཁོར་ཡུག་སྲུང་སྐྱོབ་བྱ་འགུལ་སྤེལ་བ།

རྩོམ་པ་པོ།:ཚེ་ནོར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-09-09 10:33:00 ཀློག་གྲངས།:


བྲག་དཀར་རྫོང་མི་རིགས་སློབ་འབྲིང་དང་པོས་ཁོར་ཡུག་སྲུང་སྐྱོབ་བྱ་འགུལ་སྤེལ་བ།

བྲག་དཀར་རྫོང་མི་རིགས་སློབ་འབྲིང་དང་པོས་ཁོར་ཡུག་སྲུང་སྐྱོབ་བྱ་འགུལ་སྤེལ་བ།
བྲག་དཀར་རྫོང་མི་རིགས་སློབ་འབྲིང་དང་པོས་ཁོར་ཡུག་སྲུང་སྐྱོབ་བྱ་འགུལ་སྤེལ་བ།


བྲག་དཀར་རྫོང་མི་རིགས་སློབ་འབྲིང་དང་པོས་ཁོར་ཡུག་སྲུང་སྐྱོབ་བྱ་འགུལ་སྤེལ་བ།

     བོད་མདོ་སྨད་རྫོང་བཞིའི་ཡ་གྱལ་གནས་མཆོག་བྲག་དཀར་སྤྲེལ་རྫོང་དགོན་པའི་མཇལ་བ་ཇེ་མང་དུ་སོང་བ་དང་བསྟུན་ནས་དགོན་པའི་སྐོར་ལམ་དུ་གད་སྙིགས་ཀྱིས་འབག་བཙོག་ཚབས་ཆེན་བཟོ་བཞིན་ཡོད་པ་རེད། དེར་རང་བྱུང་ཁོར་ཡུག་ལ་གཅེས་སྐྱོང་སྒོས་སྐྱེ་ཁམས་དོ་མཉམ་ཡོང་བ་དང་གནས་མཆོག་འདིའི་རང་བྱུང་སྣོད་བཅུད་ལ་སྲུང་སྐྱོབ་བྱེད་པ། རྒྱ་ཆེའི་དད་ལྡན་མང་ཚོགས་ལ་མཛེས་སྡུག་ལྡན་པའི་དག་གཙང་གི་སྐོར་ལམ་ཡག་པོ་ཞིག་བསྐྲུན་ཆེད། ཟླ9པའི་ཚེས3ཉིན། བྲག་དཀར་རྫོང་མི་རིགས་སློབ་འབྲིང་དང་པོའི་མགོ་ཁྲིད་ཀྱི་སྣེ་ཁྲིད་འོག་ཏུ་དགེ་བཟོ་བ་བརྒྱ་ལྷག་གིས་སྐོར་ཁག་ལྔ་རུ་བགོས་ནས་འབག་བཙོག་ལ་མི་འཛེམ་པར་གནས་རིའི་སྐོར་ལམ་ཡོངས་ལ་གད་སྙིགས་གཙང་སེལ་བྱས་ཤིང་། སྐོར་ལམ་ཇེ་གཙང་ཇེ་ལེགས་སུ་འགྲོ་བར་ཕྱར་བ་གྲུ་འདེགས་ཀྱི་ནུས་པ་ཆེན་པོ་ཐོན་པ་རེད།
     ཐེངས་འདིའི་བྱ་འགུལ་སྤེལ་བར་བརྟེན་རང་བྱུང་ཁོར་ཡུག་ལ་གཙང་སྦྲ་བྱེད་པ་ནི་མི་རེ་རེར་འོས་འགན་ཡོད་ལ་རང་ཉིད་ལས་མགོ་བརྩམས་དགོས་པ་དང་། རང་ས་རང་གཅེས་དང་རང་ཁྱིམ་རང་དགའི་འདུ་ཤེས་ཡོད་དགོས་པའི་མིག་དཔེའི་ནུས་པ་ཐོན་པ། སྤྲེལ་རྫོང་དགོན་པའི་སྣོད་བཅུད་སྲུང་སྐྱོབ་དང་ཉམས་གསོའི་ལས་འགུལ། དག་གཙང་གི་མཇལ་ལམ་ཡག་པོ་ཞིག་ཡོད་པ་བཅས་ལ་རྨང་གཞི་ལེགས་པོ་བཏིངས་བ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།