མང་རྫོང་སུ་རིག་སྡེ་བའི་ན་གཞོན་དང་བླངས་པས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་བྱ་འགུལ་སྤེལ།
མང་རྫོང་སུ་རིག་སྡེ་བའི་ན་གཞོན་དང་བླངས་པས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་བྱ་འགུལ་སྤེལ།
ཡུལ་དངོས་ཀྱི་རྣམ་པ།
གད་སྙིགས་འདྲུད་པའི་ལམ་བར།
སྤྱི་ཟླ4བའི་ཚེས28ནས29བར། ལྔ་གཅིག་ངལ་རྩོལ་དུས་ཆེན་སྐབས་སུ་མང་རྫོང་སུ་རིག་སྡེ་བའི་ན་གཞོན32ལྷག་གིས་རང་ས་གནས་ཀྱི་གནས་བབ་ལ་དམིགས་ཤིང་། ཕ་ས་ཕ་ཡུལ་གྱི་མཐའ་འཁོར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་གནད་སར་བཟུང་སྟེ། སྡེ་བ་ཡོངས་ཀྱི་ན་གཞོན་ལ་སྐུལ་སློང་བྱེད་པ་རྒྱུན་འཁྱོངས་སྒོས་ནོར་བུ་རིན་སྤུངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་རྩ་འཛུགས་བྱས་ཏེ། མི་རེ་རེ་ཁོར་སྲུང་བྱ་བར་ཞུགས་ནས་སྡེ་བའི་ལམ་འགྲམ་དང་རྩྭ་ས། ཆུ་ཁར་བཅས་སུ་གད་སྙིགས་འཐུ་བའི་བྱ་འགུལ་སྤེལ། བསྡོམས་པས་གད་སྙིགས་རླངས་འཁོར་ཆེ་བ4ལྷག་སྐྱེལ་ནས་ཁོར་ཡུག་ལ་གཙང་སྦྲ་བྱས་པས་སྡེ་བའི་མང་ཚོགས་ཀྱིས་དགའ་བསུ་ཆེན་མོ་ཐོབ།
དུས་མཚུངས་སུ། རྗེས་ཕྱོགས་མུ་མཐུད་དུ་ཕ་ས་ཁོར་སྲུང་བྱ་འགུལ་རྒྱུན་མི་ཆད་པར་སྤེལ་ཏེ། གད་སྙིགས་གཙང་སེལ་བྱ་བ་སྔར་ལས་རྒྱ་ཆེ་རུ་གཏོང་བར་གྲོས་འདོན་བཟང་བོ་བྱེད་པ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བ་རྒྱུན་མཐུད་ཀྱི་རྨང་གཞི་བརྟན་པོ་བཏིངས་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com