སོ་བྱ།
སོ་བྱ། 鸬鹚 Blumenbach
གཟུགས་གཞིའི་ཁྱད་ཆོས།
སོ་བྱའི་ལུས་ཡོངས་ནག་པོ་ཡིན་པ་དང་། ལུས་སྟེང་ན་སྨུག་མདངས་ཀྱི་འོད་སྣང་ཞིག་མངོན་འདུག སོ་བྱའི་མགོ་དང་སྐེ་མཇིང་ན་སྒྲོ་སྤུ་དཀར་བོ་སྐྱེས་ཤིང་སྤྱི་གཙུག་ན་གསལ་ལ་མི་གསལ་བའི་བྱ་ཟེ་ཞིག་མངོན་ཡོད། གཤོག་སྒྲོའི་ཁ་དོག་ཐང་ནག་ཡིན་པ་དང་གཤོག་སྣེ་ནག་པོ་ཡིན། མགྲིན་པའི་འོག་རོལ་དཀར་བོ་དང་སྡེར་མོ་ནག་པོ་ཡིན། མིག་ཟུང་ལྗང་ཁུ་དང་མཆུ་སྒྲོས་ཧ་ཅང་རིང་། མཆུ་སྣེ་སྨུག་པོ་དང་ལྕགས་ཀྱུ་བཞིན་དུ་བཀུག་འདུག མཆུ་རྟིང་དཀར་སྐྱ་ཡིན། སྒྲོ་སྤུ་སྐྱེས་མེད་པའི་ངོ་གདོང་དང་མགྲིན་པ་ནི་དམར་སྨུག་ཡིན། བྱ་ཕྲུག་གི་སྒྲོ་མདངས་ནར་སོན་པའི་སོ་བྱའི་སྒྲོ་མདངས་དང་མཚུངས་ནའང་། ལུས་སྨད་དུ་བྱ་སྒྲོ་དཀར་བོ་འདྲེས་འདུག
ཁྱབ་ཡུལ།
དབྱར་ཐོག་མདོ་དབུས་མཐོ་སྒང་གི་མཚོ་སྔོན་པོ་སོགས་མཚེའུ་དག་ན་གནས་པ་དང་། དགུན་ཐོག་ས་ཆ་དམའ་སར་འཕུར་ནས་དགུན་བརྒལ་བ་ཡིན།
འཚོ་བའི་གོམས་གཤིས་དང་འཚོ་གནས་ཁོར་ཡུག
མདོ་དབུས་མཐོ་སྒང་ལ་མཚོན་ན། སོ་བྱ་ནི་དུས་ཚིགས་ལྟར་གནས་སྤོ་བའི་འདབ་ཆགས་ཀྱི་རིགས་ཤིག་ཡིན། སོ་བྱ་ཕལ་ཆེར་མཚེའུ་དང་གཙང་བོའི་བཞུར་རྒྱུད་ན་གནས་འདུག སོ་བྱའི་ཁ་ཟས་གཙོ་བོ་ཉ་ཡིན། སོ་བྱ་ཆུ་ངོས་ནས་དམའ་འཕུར་བྱས་ཏེ་ཉ་མཐོང་བ་ན་གློ་བུར་དུ་ཆུ་ནང་ལ་འཛུལ་བ་དང་ཉ་བཟུང་ནས་ཆུ་ཁར་བུད་དེ་ཟ་བ་ཡིན། སོ་བྱས་ཉ་ཆེན་པོ་རྒྱ་མ་གཅིག་ཅན་ཡང་འཛིན་ཐུབ། ངལ་གསོ་བྱེད་སྐབས་རྔ་སྒྲོ་སར་བཙུགས་ཏེ་ངལ་གསོ་བ་ཡིན། སོ་བྱས་བྲག་ངོས་དང་སྡོང་མགོ ན་ཁུགས་ཀྱི་རྫུབས་གསེང་དུ་བྱ་ཚང་བཟོ་བ་དང་། ལོ་རེའི་ཟླ4བ་ནས་ཟླ5བ་ནི་སྐྱེ་འཕེལ་བྱེད་སྐབས་ཡིན་ལ། སྒོ་ང2ནས5བཏང་སྟེ་རུམ་པ་ཡིན། སྒོ་ང་རུམ་ཡུན་ཉི་མ28ཡིན། སྐྱེ་འཕེལ་བྱེད་སྐབས་ཁྱུ་དང་ཁྱུ་བྱས་ཏེ་ཆབས་ཅིག་ན་བསྡད་ཡོད་པར་མ་ཟད། གཤོག་སྒྲོའི་འོག་རོལ་གྱི་སྒྲོ་སྤུ་དཀར་བོར་འགྱུར་སྲིད།
སྲུང་སྐྱོབ་བྱེད་པའི་དོན་སྙིང་།
སོ་བྱའི་ཤ་དང་རུས་པ། ཕོ་བ། མགྲིན་པ། བྱ་སྒྲོ་སོགས་བོད་སྨན་དུ་འགྲོ་བ་ཡིན།
ད་ཡོད་གནས་བབ།
བོད་མིས་འདབ་ཆགས་མི་གསོད་པའི་དབང་གིས་སོ་བྱའི་ཐོན་ཁུངས་ལ་གཏོར་བརླག་ཐེབས་མེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com