རྨ་འདབས་རིག་གནས་ཞབས་ཞུ་ཚོགས་པའི་ཁོར་སྲུང་ལས་གཞི་སྤེལ་བ།

རྩོམ་པ་པོ།:FFIའབྲོག་སའི་རྩྭ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-09-22 10:11:00 ཀློག་གྲངས།:


ཁོར་སྲུང་དང་བླངས་པས་ཁོར་ཡུག་གཙང་སེལ་བྱེད་པ།


ཁོར་སྲུང་དང་བླངས་པས་ཁོར་ཡུག་གཙང་སེལ་བྱེད་པ།

འཁོར་སྲུང་དང་བླངས་པས་ཁོར་ཡུག་གཙང་སེལ་བྱེད་པ།
ཁོར་སྲུང་དང་བླངས་པས་ཁོར་ཡུག་གཙང་སེལ་བྱེད་པ།

     སྤྱི་ཟླ8པའི་ཚེས26ཉིན་ནས་མགོ་བཟུང་དེ་རྨ་འདབས་རིག་གནས་ཞབས་ཞུ་ཚོགས་པས་གཙོ་སྒྲུབ་བྱས་བའི་མགོ་ལོག་ཁུལ་རྨ་ཆེན་རྫོང་སྡོམ་ཁོག་ཡུལ་ཚོའི་རུ་ཁག་བརྒྱད་ཀྱི་ཁོར་སྲུང་དང་བླངས་པ་རྣམས་དང་། མང་ཚོགས་ལྷག་བསམ་ཅན་ཚོའི་རྒྱབ་སྐྱོར་ལ་བསྟེན་ནས། FFIའབྲོག་སའི་རྩྭ་དང་རྨ་རིག་གནས་ཞབས་ཞུ་ཚོགས་པ་གཉིས་ཀྱི་མཉམ་སྒྲུབ་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་གཞི་སྟེ། ཆུ་མགོ་སྲུང་སྐྱོང་དང་ཞིབ་འཇུག གད་སྙིགས་གཙང་སེལ་བྱེད་པ། སྒོས་སུ་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གྱི་ཁོར་སྲུང་རིག་གནས་སྟེ། ཀླུ་བསྟོད་པ་དང་ས་བདག་ཡུལ་ཁྲུས་བྱེད་པའི་ལས་གཞི་སྤེལ།
     ཐེངས་འདིར་ས་གནས་དེའི་རུ་ཆེན་གཉིས་དང་། རུ་ཆུང་བརྒྱད་ཀྱི་ཁོར་སྲུང་དང་བླངས་པ་མི120ལྷག་གིས་རུ་ཆུང་སོ་སོར་ཚན་ཁག་བགོས་ནས་གད་སྙིགས་གཙང་སེལ་བྱས་པ་དང་། ནང་སྒོས་སུ་ས་གནས་དེའི་ཉེ་སྔོན་སྐམ་ཟིན་པ་དང་ཇེ་ཉུང་དུ་སོང་ཡོད་པའི་ཆུ་མགོ་བདུན་བརྒྱ་ལྷག་ལ་གད་སྙིགས་གཙང་སེལ་དང་། རྭ་རྒྱ་དགོན་པའི་བླ་གྲྭ་སྐོར་ཞིག་གདན་དྲངས་ནས་ཀླུ་བསྟོད་བྱས་པ་དང་། ས་བདག་ཡུལ་ཁྲུས་བྱས་པ། མང་ཚོགས་རྣམས་ལ་དེང་རབས་དང་སྲོལ་རྒྱུན་ཟུང་འབྲེལ་བྱས་ཏེ་ཁོར་ཡུག་སྲུང་སྐྱོབ་ཕྱོགས་ཀྱི་དགོས་མཁོ་དང་དགེ་མཚན། ཉེས་སྐྱོན་སོགས་ཀྱི་ཤེས་བྱ་དང་སློབ་གསོ་སྤེལ་ནས་མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་མཐོར་འདེགས་དང་། ཕ་ཡུལ་གྱི་ཁོར་ཡུག་དག་གཙང་ཅན་དུ་བསྒྱུར་བར་སྐུལ་འདེད་བྱས།
     ཆུ་མགོ་བརྒྱ་ལྷག་ལGPSཡིས་གཏན་འཁེལ་བྱས་ཏེ་རྟགས་བརྒྱབ་པ་དང་། པར་བླང་ནས་ཆུ་མགོ་ཞིབ་འཇུག་གི་རྨང་གཞིའི་ཡིག་ཚགས་ལས་ཏེ་དེང་རབས་དང་སྲོལ་རྒྱུན་ཟུང་འབྲེལ་གྱི་ཞིབ་འཇུག་དང་ཐབས་ལམ་ལ་བསྟེན་ནས་ང་ཚོ་མཐོ་སྒང་འདིའི་སྐམ་ཟིན་པའི་ཆུ་མགོ་རྣམས་སླར་གསོ་དང་སྲུང་སྐྱོབ་ཀྱི་ཐབས་ལམ་འཚོལ་བའི་ཕྱོགས་ལ་གོམ་པ་སྤོ་བཞིན་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།