འཚོ་བའི་གད་སྙིགས།

རྩོམ་པ་པོ།:འབྲོག་སའི་རྩྭ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-03-06 09:10:00 ཀློག་གྲངས།:


དུག་ལྡན་གྱི་གད་སྙིགས།
     མི་བཀོལ་བའི་གློག་རྫས་དང་གློག་གསོག་འཕྲུལ་ཆས། གློག་སྦུག་རྙིང་མ། ཚ་དྲོད་འཇལ་ཆས་རྙིང་མ་སོགས། འདི་དག་གི་ནང་དུ་དུག་ལྡན་ལྕགས་རིགས་ལྗིད་པོ་འདུས་བས། དེ་དག་གང་འདོད་ཀྱིས་རྒྱ་ལམ་དང་རྩྭ་ཐང་སོགས་སུ་བསྐྱུར་ན་ལྕགས་ཤུལ་དལ་གྱིས་རུལ་སོང་པ་དང་དུས་མཉམ་དུ། དུག་རྫས་དག་ཡང་དལ་གྱིས་རྩ་ས་དང་ཆུ་བོ་སོགས་སུ་འདྲེས་ནས། ཡང་བསྐྱར་རྩྭ་དང་ནོར་ཕྱུགས་སོགས་ལ་བརྒྱུད་ནས་མིའི་ལུས་ཕུང་དུ་འགྲོ་ངེས་ཡིན། དུག་རྫས་འདི་དག་གིས་དབང་རྩ་དང་ཁྲག་སྒྲུབ་ནུས་ཤུགས། རུས་པ་དང་མཁལ་མ་སོགས་ལ་གནོད་པ་ཧ་ཅང་ཆེ། འདི་དག་མེར་བསྲེགས་སྐབས་དུག་རྫས་གཱོང་ཞེས་པ་དེ་མཁའ་དབུགས་སུ་རླངས་ཀྱིས་གྲུབ་ནས་ང་ཚོས་དབུགས་སུ་འབྱིན་ནས་ལུས་ཕུང་དུ་ཞུགས་འགྲོ་པ་ཡིན།
     གློག་རྫས་སྒྲོག་གུའི་ཆེ་ཆུང་གཅིག་གིས་གཙང་ཆུ་ལི་ཊར་ཁྲི60བཙོག་སྒྲིབ་གཏོང་ཐུབ་ལ།གློག་རྫས་ཨང་རིམ་དང་པོ་གཅིག་གལ་ཏེ་ས་འོག་ཏུ་བཞག་ཚེ། དེས་ས་ཞིང་རྨི་གྲུ་བཞི་མ་གཅིག་ལ་གཏོར་བརླག་བཟོ་ཐུབ།གཞན་ཡང་། བཀོལ་ཚར་པའི་སྨན་བཅོས་འཕྲུལ་ཆས། ཚོན་རྩིའི་ཟོམ། འཕྲུལ་སྣུམ་རྙིང་མ། ཡུན་ཚད་རྫོགས་པའི་བྱུག་རྫས་དང་སྨན་རྫས་སོགས་ཡང་དུག་ལྡན་གད་སྙིགས་ཀྱི་ཁོངས་སུ་གཏོགས། དེ་དག་གང་འདོད་ཀྱིས་བསྐྱུར་ན་རང་བྱུང་ཁོར་ཡུག་དང་མིའི་ལུས་ཕུང་ལ་གནོད་པ་བཟོ་ནས་ཡིན།
ཐབ་ཚང་གི་གད་སྙིགས།
     ཐབ་ཚང་གི་གད་སྙིགས་ནི་འཚོ་བའི་ནང་དུ་རྒྱུན་མཐོང་ཡིན་ཏེ།དུས་རྒྱུན་གྱི་ཟ་འཕྲོ་འཐུང་འཕྲོ་ཚང་མ་ནི་ཐབ་ཚང་གི་གད་སྙིགས་ཡིན། དེ་དག་ལ་ཡང་གད་སྙིགས་རླན་གཤེར་ཞེས་པར་འབོད་རྒྱུན་འདུག  རྒྱུ་མཚན་ནི་ཐབ་ཚང་གད་སྙིགས་མང་པོ་ནི་ཆུར་འདྲེས་པའི་བརླན་པའི་རང་བཞིན་ཅན་ཡིན། ཐབ་ཚང་གད་སྙིགས་སུ་ཆུ་དང་སྣུམ་ལྡན་པས་ཡང་བསྐྱར་བེད་སྤྱོད་བྱེད་ཆོག་པའི་གད་སྙིགས་དང་མཉམ་དུ་བཞག་རྗེས་དེ་དག་བཙོག་སྒྲིབ་བཏང་འཇོག དཔེར་ན་ཤོག་བུ་ནི་བསྐྱར་སྤྱོད་བྱ་ཆོག་པའི་གད་སྙིགས་ཀྱི་རིགས་ཏེ། འོན་ཀྱང་ཐབ་ཚང་གད་སྙིགས་དང་མཉམ་གྱིས་བཙོག་སྒྲིབ་བྱས་ཚར་པའི་ཤོག་བུ་དག་ནི་ཡང་བསྐྱར་བེད་སྤྱོད་ཀྱི་རིན་ཐང་མེད། དེ་བས་ཐབ་ཚང་གི་གད་སྙིགས་དག་གད་རིགས་གཞན་དང་ཁ་སོ་སོ་བྱས་ནས་བསྐྱུར་དགོས། ཐབ་ཚང་གད་སྙིགས་མ་དོར་སྔོན་དུ་དེའི་ནང་གི་ཆུ་སྣུམ་སོགས་ཚགས་ནས་ད་གཟོད་བསྐྱུར་ཆོག་པ་ཡིན།
འགྱིག་ཐུམ་བཟོ་བྱེད་ཀྱི་རྒྱུ་ཆ།
     འགྱིག་ཤོག་ཐོན་རྫས་ནི་ཁ་ཚང་གྲུབ་རྫས་མང་འདུས་ཀྱི་སྐྱེ་ལྡན་དངོས་ཡིན་ཏེ། གལ་ཏེ་ས་འོག་ཏུ་བཅུག་ཡང་ལོ་ངོ་བརྒྱ་ལྷག་གཉིས་བརྒྱ་ཙམ་སོང་ཡང་རུལ་རྒྱུ་མེད། དེ་དག་གིས་ས་ཞིང་སྲ་མཁྲེགས་དང་རྩྭ་ཐང་བཙོག་སྒྲིབ་བཟོ་ཐུབ། འགྱིག་ཤོག་ཐོན་རྫས་ཀྱི་གད་སྙིགས་དེ་དག་མེ་བསྲེགས་བྱས་རྗེས་དུག་ལྡན་དབུགས་རླུང་སྣ་མང་འབྱུང་ངེས་ཡིན། དེར་མི་ལུས་སྐྲན་འགྱུར་དང་འདབ་ཆགས། ཉ་རིགས་སྐྱོན་ཅན་བཟོ་ཐུབ་པའི་དུག་རྫས་ཨ་ཨར(二噁英Dioxin)ཡེ་ཞེས་པ་དེ་ཡོད།
གློག་རྡུལ་གད་སྙིགས།
     དུས་རྒྱུན་འཚོ་བའི་ཁྲོད་ཀྱི་ཁྱིམ་སྤྱོད་གློག་རྡུལ་འཕྲུལ་ཆས་ཚང་མ་གློག་རྡུལ་གད་སྙིགས་ཀྱི་ཁོངས་སུ་གཏོགས། དེ་དག་ཏུ་ལྕགས་རིགས་རྙིང་མ་ལས། ད་དུང་ཞ་ཉེ། དངུལ་ཆུ་སོགས་ཀྱི་ལྕགས་རིགས་ཡང་འདུས། དངོས་བོ་འདི་དག་གལ་སྲིད་རང་བྱུང་ཁོར་ཡུག་ཏུ་ཞུགས་རྗེས། ཟས་རིགས་སྣ་ཚོགས་ལ་བརྒྱུད་ནས་མིའི་ལུས་སུ་ཐོན་འགྲོ། ལྷག་པར་དུ་བྱིས་པའི་སྐྱེ་འཕེལ་ལ་གནོད་པ་ཆེན་པོ་ཡོད། གློག་རྡུལ་གད་སྙིགས་ནི་འཛམ་གླིང་དུ་ཆེས་ཇེ་མང་དུ་འགྲོ་བཞིན་ཡོད་པའི་གད་སྙིགས་ཀྱི་རིགས་ཏེ། ཀྲུང་གོ་ནི་འཛམ་གླིང་དུ་ཨང་གཉིས་པའི་གློག་རྡུལ་གད་སྙིགས་ཐོན་སྐྱེད་ཀྱི་རྒྱལ་ཁབ་ཡིན་ལ། ལོ་རེར་གད་སྙིགས་ཏུན་ཁྲི100ལྷག་བསྐྲུན་གྱིན་འདུག དུས་མཉམ་དུ་འཛམ་གླིང་ཡོངས་ཀྱི་གློག་རྡུལ་གད་སྙིགས་ཏུན་ཁྲི5000ཡི་བརྒྱ་ཆའི70ནི་ནང་འདྲེན་བྱེད་ཀྱིན་ཡོད། གློག་གླད་གཅིག་ཏུ་འདུས་བའི་ལྕགས་རིགས་ལྗིད་མོས་མིའི་མི་ཚེ་གཅིག་གི་འཐུང་ཆུ་བཙོག་སྒྲིབ་བྱེད་ཐུབ། དེ་བས་ཡིན་གཅིག་མིན་གཉིས་གློག་ཆས་དང་ཁ་པར་རྙིང་མ་སོགས་གད་སྙིགས་བདག་གཉེར་ཆེས་ལས་ལས་ཁུངས་སུ་སྤྲོད་རོགས།
ཤོག་རྙིང་གི་གད་སྙིགས།
       ཤོག་སྙིགས་ནི་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། དཔེར་ན་ཚགས་པར། ཐུམ་ཤོག དུས་དེབ་སྣ་ཚོགས། འདི་དག་ནི་རིན་ཐང་ལྡན་པའི་བསྐྱར་སྤྱོད་ཐོན་ཁུངས་ཡིན་ལ། བསྡུ་ལེན་བྱས་ན་རང་བྱུང་ཐོན་ཁུངས་མང་པོ་འཕྲོ་ལྷག་ཏུ་མི་འགྲོཤོག་སྙིགས་ཏུན1ཚུར་བསྡུ་ཕྱིར་ལེན་བྱས་ན། ཚི་སྣ་ཡི་རྒྱུ་ཆ་རྒྱ་མ1000དང་། བུལ་ཏོག་རྒྱ་མ300དང་། གློག་ཚད་ཏོའུ360ལྷག རྡོ་སོལ་རྒྱ་མ800དང་། ཆུ་ཏུན120ལྷག་གྲོན་ཆུང་བཟོ་ཐུབ། དེ་ལས་གལ་ཆེ་བ་ནི་ཐོན་ཁུངས་འདི་དག་གྲོན་ཆུང་དང་བེད་སྤྱོད་ཡག་པོ་བྱས་ནས་ཁོར་ཡུག་སྲུང་སྐྱོབ་དང་། ཤོག་ལས་བཟོ་གྲྭ་སོགས་ལ་སྟབས་བདེ་བསྐྲུན་པ། ཤོག་རྙིང་ཤོག་སྙིགས་ནི་ཤོག་ལས་བཟོ་གྲྭའི་རྒྱུ་ཆ་ཡོངས་ཁུངས་གཙོ་བོར་གྱུར་འདུག
འགྲེལ།
     ཨ་ཨར་ཡེ(二噁英Dioxin)ཞེས་པ་ནི་དྲི་མེད་མདོག་མེད། དུག་ཤེད་ཆེ་བའི་ཞག་ཡལ་རུང་བའི་རྫས་ཏེ། དེའི་དུག་ཤེད་ནི་བ་བླའི་ལྡབ900ལྷག་ཡིན། དེ་བས་དེ་ལ་ཡང་དུས་རབས་འདིའི་དུག་ཆེན་ཞེས་པའི་མིང་ཐོགས་འདུག  མཁའ་དབུགས་ཁྲོད་ཀྱི་ཨ་ཨར་ཡེ་དེ་རང་བྱུང་གིས་སེལ་པ་ནི་ཧ་ཅང་དཀའ་མོ་ཡིན། རྒྱུ་མཚན་ནི་འཇིག་རྟེན་བྱ་དངོས་ཡོངས་ཀྱི་ཐོག་ཏུ་ཨ་ཨར་ཡེ་མེད་པ་གཅིག་ཀྱང་མི་འདུག  ལྷག་པར་དུ་ས་འོག དིམ་དངོས་དང་ཟས་རིགས། ཁྱད་པར་དུ་ཟས་རིགས་སུ་འོ་བཟོས་དང་ཤ  ཉ་དང་ཉ་སོག་སོགས་སུ་མང་པོ་འདུས་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།