མཚོ་སྔོན་པོའི་རྒྱ་ཁྱོན་ལོ་བཅུ་བཞིའི་ནང་གི་ཆེས་ཆེ་རུ་འཕེལ་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-10-14 09:55:00 ཀློག་གྲངས།:

青海湖面积14年来最大 增加了19个西湖面积
མཚོ་སྔོན་པོ།

  རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཟླ9པར་ལྟ་ཞིབ་ཚད་ལེན་བྱས་པ་ལས་གསལ་བ་ལྟར་ན་མཚོ་སྔོན་པོའི་རྒྱ་ཁྱོན་དེ་ན་ནིང་གི་དུས་མཉམ་ལས་སྤྱི་ལེ་གྲུ་བཞི་མ12.56གིས་ཇེ་ཆེར་སོང་བ་དང་། ལོ་བཅུ་བཞིའི་སྔོན་དང་བསྡུར་ན་ཞི་ཧུའུ་མཚེའུ19ཡི་རྒྱ་ཁྱོན་གྱིས་ཇེ་ཆེར་སོང་འདུག
  འབྲེལ་ཡོད་ཆེད་མཁས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན་ད་ལོའི་ཟླ9པར་མཚོ་སྔོན་པོའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ4408.81ཡིན་པ་དང་། 2001ལོའི་ཚུན་གྱི་ལོ14ཡི་ནང་ཆ་སྙོམས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ106.76གིས་ཇེ་ཆེར་སོང་བ་རེད།
  ད་ལོའི་ཟླ8པ་ནས་བཟུང་མཚོ་སྔོན་པོར་བསྐོར་བའི་འབབ་ཁོངས་ཀྱི་ཆར་ཆུའི་འབབ་ཚད་ཇེ་མང་དུ་སོང་བ་ནི་མཚོ་སྔོན་པོའི་རྒྱ་ཁྱོན་ཇེ་ཆེར་ཕྱིན་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་ཞིང་། དེ་ལས་གཞན་ཕྱོགས་སོ་སོའི་ནུས་ཤུགས་ལ་བརྟེན་ནས་མཚོ་སྔོན་པོ་དང་མཐའ་སྐོར་གྱི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་སོང་བས་མཚོ་སྔོན་པོའི་རྒྱ་ཁྱོན་ཆེ་རུ་འཕེལ་བ་རེད།
 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།