ལྷ་ས་གྲོང་ཁྱེར་གྱིས་མ་དངུལ་སྒོར་དུང་ཕྱུར7བཏང་ནས་ལྷ་ཀླུའི་འདམ་རར་སྲུང་སྐྱོབ་བྱེད་པ།
ལྷ་ཀླུ་འདམ་ར་རྒྱལ་ཁབ་རིམ་པའི་རང་བྱང་སྲུང་སྐྱོབ་ས་ཁུལ།
ལྷ་ཀླུ་འདམ་ར་རྒྱལ་ཁབ་རིམ་པའི་རང་བྱང་སྲུང་སྐྱོབ་ས་ཁུལ།
རྒྱུས་ལོན་པ་ལྟར་ན་ལྷ་ས་གྲོང་ཁྱེར་གྱིས་མ་དངུལ་སྒོར་དུང་ཕྱུར7བཏང་ནས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་ཏེ་ལྷ་ཀླུའི་འདམ་རར་སྲུང་སྐྱོབ་བྱེད་པའི་འཆར་བཀོད་བསྒྲིགས་པ་རེད།
ལྷ་ཀླུའི་འདམ་རའི་ས་བབ་ཀྱི་མཐོ་ཚད་ལ་སྨི3600ལྷག་ཡོད་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ12.2ཡས་མས་ཡོད་ལ། ལྷ་སའི་གྲོང་ཁུལ་གྱི་རྒྱ་ཁྱོན་གྱི11.5%ཟིན་ཡོད་ཅིང་། འཛམ་གླིང་སྟེང་ཧ་ཅང་དཀོན་པ་དང་རྒྱལ་ནང་དུ་ཆེས་ཆེ་བའི་གྲོང་ཁྱེར་གྱི་བརླན་སའི་རང་བྱུང་སྲུང་སྐྱོབ་ས་ཁུལ་ཞིག་ཡིན་པར་མ་ཟད། འཛམ་གླིང་སྟེང་ས་བབ་ཆེས་མཐོ་བ་དང་རྒྱ་ཁྱོན་ཆེས་ཆེ་བའི་གྲོང་ཁྱེར་གྱི་རང་བྱུང་བརླན་ས་ཞིག་ཀྱང་ཡིན་པ་རེད།
མིག་སྔར་ལྷ་ཀླུ་འདམ་ར་སྲུང་སྐྱོབ་ས་ཁུལ་དུ་འདབ་ཆགས་དཀོན་པའི་རིགས62འཚོ་བཞིན་འདུག
ལྷ་ཀླུ་འདམ་རར་འཚོ་བཞིན་པའི་འདབ་ཆགས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com