མགོན་པོ་རྒྱལ་གྱིས་མཚོ་སྔོན་པོ་མཐའ་འཁོར་གྱི་སྐྱེ་ཁམས་སྲུང་ཚུལ།
མགོན་པོ་རྒྱལ་ནི་མཚོ་བྱང་ཁུལ་མདའ་བཞི་རྗོང་དཔལ་འཇོམས་ཞང་མཚོ་ཆུང་སྡེ་བའི་སྡེ་མི་ཡིན་ལ། ད་ལོ་ལོ52ཡིན། སྤྱི་ལོ2000ལོ་ནས་བཟུང་སྟེ་མཚོ་སྔོན་པོ་མཐའ་འཁོར་གྱི་གད་སྙིགས་འཐུ་བའི་བྱ་བ་རང་གཅིག་པུས་བསྒྲུབས། སྤྱི་ལོ2007ནས་བཟུང་སྟེ་ནགས་འདེབས་ཀྱི་བྱ་བའི་འགོ་ཚུགས། སྤྱི་ལོ2008ནས་ནགས་འདེབས་ཀྱི་འཆར་གཞི་དང་ཇུས་འགོད་ཀྱི་ཡིག་ཆ་རིམ་པར་བྲིས་ནས་གོང་རིམ་ལ་སྙན་ཞུ་ཕུལ། ཡིན་ཡང་རང་ཉིད་ལ་འདིའི་ཕྱོགས་ནས་ལག་རྩལ་དང་ཉམས་མྱོང་མེད་པས་མཚོ་སྔོན་པོ་མཐའ་འཁོར་སྲུང་སྐྱོབ་མཁན་སྐུ་ཞབས་རྣམ་རྒྱལ་ལགས་ལ་བློ་འདྲི་ཞུས་པས་ཁོང་གིས་ཐབས་ཇུས་གང་མང་བཏོན་སྟབས། ཁོས་ཀྱང་རང་ཉིད་ཀྱི་འབྱོར་བའི་ཁེ་ཕན་ལ་མ་བལྟས་པར་རྩི་འབྲས་དང་སྡོང་རྐང་རེ་རྡོག་ས་ཆ་གཞན་ནས་ཉོས་ཏེ་བྱེ་མ་ལ་བདུན་གྱི་བྱེ་འབུར་གང་མང་གི་སར་བརླན་ས་རེ་བཙལ་ནས་སོས་ཀའི་དུས་ཚོད་ཉག་ཕྲ་བ་དེའི་སྔུན་གཞུག་རྩད་ནས་ས་ཆ་མང་པོ་ཞིག་ལ་སོན་འདེབས་བྱས།
སྤྱིར་མདོ་དབུས་མདོ་སྒང་དང་སྒོས་སུ་མཚོ་སྔོན་པོའི་མཚོ་ཁའི་གནམ་གཤིས་དང་ས་བབ་བཅས་ཀྱི་སྡོང་རྐང་དང་རྩི་འབྲས་སྐྱེ་མིན་ཡང་འཕྲོད་མི་འཕྲོད་ཡོད་པས། ཚན་རིག་གི་འདེབས་འཛུགས་དང་དེའི་ཕྱོགས་ཀྱི་ལག་རྩལ་མེད་པས་སྲུང་སྐྱོབ་པ་རྣམ་རྒྱལ་གྱི་ཉམས་མྱོང་དང་རང་གི་བརྩོན་པ་ཟུང་དུ་འབྲེལ་ནས་རྒྱལ་ཁབ་རིམ་པའི་ཆོག་མཆན་ལྟར་དཀྱུས་ལ་སྨི1500དང་ཞེང་ལ་སྨི1400ལྷག་ཡོད་པའི་བྱེ་མར་རྨོ་བསྒྱུར་བྱེད་མགོ་ཚུགས།
སྤྱིར་ད་ལྟ་རྒྱལ་ཁབ་རིམ་པའི་ཆོག་མཆན་ཐོབ་པའི་ས་མུའུ་དང་དེའི་ཕན་ཆད་ནས་རང་གིས་རང་འགུལ་སྒོས་རྨོ་བསྒྱུར་མུའུ5000ལྷག་ལ་ཐོན།
མ་འོངས་པའི་འཆར་གཞི།
མ་འོངས་པ་ན་བྱེ་འགྱུར་དུ་འགྲོ་བའི་རྣམ་པ་སྔར་ལས་ཇེ་རྒྱས་དང་འཐུས་ཚང་དུ་བཏང་ནས་མུ་མཐུད་དུ་སྔོ་བསྒྱུར་གྱི་བྱ་བ་རང་གི་བུ་ལའང་འདིའི་ཕྱོགས་ཀྱི་སློབ་གསོ་བཏང་སྟེ་བྱེ་འགྱུར་སྔོན་འགོག་དང་མཚོ་སྔོན་པོའི་འཁོར་ཡུག་སྲུང་སྐྱོབ་གང་ལེགས་བྱེད་པར་ཆོད་སེམས་བཅངས།
སྲུང་སྐྱོབ་ཁྲོད་ཐེབས་པའི་དཀའ་ངལ་དང་སེམས་ཚོར།
གཅིག་ན་གནས་འདིའི་མང་ཚོགས་ལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་མེད་པ་དང་། དེ་ལས་ཀྱང་ས་འདིར་ལྗོངས་རྒྱུ་ཡོང་བའི་མི་རྣམས་ལའང་སྲུང་སྐྱོབ་ཀྱི་འདུ་ཤེས་བརྟན་པོ་མེད་པ། སྲུང་སྐྱོབ་བྱེད་པའི་སྡེ་ལའང་འདུ་ཤེས་ཡང་དག་མེད་པ། གཞན་མཚོ་སྔོན་པོའི་མཐའ་འཁོར་དུ་གད་སྙིགས་གསོག་འཇོག་བྱེད་ས་མེད་པས་ལྗོངས་རྒྱུ་བ་ལོ་རེ་ལས་ལོ་རེར་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་གཅིག འཛུགས་སྐྲུན་གད་སྙིགས་འཕོ་ས་མེད་པ་དང་གཉིས། ཆ་རིམ་གཉིས་པའི་གད་སྙིགས་འཕེན་ས་མེད་པ་དང་གསུམ་བཅས་ཀྱིས་གད་སྙིགས་ཀྱི་ཕྱོགས་ལ་སེམས་ཁུར་ཆེ་བ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com