བོད་ལྗོངས་སུ་ལྷ་ཀླུའི་འདམ་ར་སྲུང་སྐྱོབ་ཀྱི་དང་བླངས་ཞབས་ཞུའི་བྱ་འགུལ་སྤེལ་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-07-03 11:27:00 ཀློག་གྲངས།:

བོད་ལྗོངས་སུ་ལྷ་ཀླུའི་འདམ་ར་སྲུང་སྐྱོབ་ཀྱི་དང་བླངས་ཞབས་ཞུའི་བྱ་འགུལ་སྤེལ་བ།
ལྷ་ཀླུའི་འདམ་ར།

        ཟླ6པའི་ཚེས27ཉིན་གྱི་སྔ་དྲོ། ལྷ་སའི་ལྷ་ཀླུའི་འདམ་ར་སྲུང་སྐྱོབ་ཀྱི་དང་བླངས་ཞབས་ཞུའི་བྱ་འགུལ་སྤེལ་བ་རེད།
        ཉིན་མོ་དེར། ཁོར་སྲུང་དང་བླངས་རུ་ཁག་དང་། ན་གཞོན་དང་བླངས་རུ་ཁག འབྲིང་ཆུང་སློབ་མའི་དང་བླངས་པའི་ཞབས་ཞུ་རུ་ཁག་སོགས་བསྡོམས་པས་མི600ལྷག་གིས་ཁོར་སྲུང་འགྱིག་ཁུག་བཟུང་སྟེ་འགྱིག་དམ་དང་འགྱིག་ཤོག་སོགས་གད་སྙིགས་བཏུས་པ་རེད།
        རྒྱུས་ལོན་བྱུང་བ་ལྟར་ན། ལྷ་ཀླུའི་འདམ་རའི་ཆ་སྙོམས་ཀྱི་མཚོ་ངོས་མཐོ་ཚད་ནི་སྨི3600ལས་བརྒལ་ཡོད་ཅིང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ12.2དང་ལྷ་ས་མཁར་གྲོང་སྤྱིའི་རྒྱ་ཁྱོན་གྱི11.5%ཟིན། འདི་ནི་མིག་སྔར་ཀྲུང་གོའི་མཚོ་ངོས་མཐོ་ཚད་ཆེས་མཐོ་བ་དང་། རྒྱ་ཁྱོན་ཆེས་ཆེ་བའི་མཁར་གྲོང་གི་རང་བྱུང་འདམ་ར་ཞིག་ཡིན་ལ།  ལོ་རེར་ཏུན་ཁྲི5.37ཡི་དབྱང་དབུགས་འདོན་སྤྲོད་བྱེད་ཀྱི་ཡོད་པ་དང་། ལྷ་ས་མཁར་གྲོང་ཁ་དབུགས་ཁྲོད་ཀྱི་རྡུལ་ཕྲན་ཏུན5475འབྱིན་པ་ཡིན། མཁར་གྲོང་གི་བཙོག་ཆུ་ཏུན་ཁྲི1000ཡན་གཙང་སེལ་བྱེད། ད་ལོར་ཀྲུང་དབྱང་དཔལ་ཡོན་གཞུང་སྒྲུབ་ཁང་གིས་རྒྱལ་ཡོངས་སུ་རི་ཆུ་སྲུང་སྐྱོབ་དང་བླངས་ཞབས་ཞུའི་བྱ་འགུལ་སྤེལ་བར་རྩ་འཛུགས་བྱེད་པ་དང་། གལ་ཆེའི་ལས་གཞི་རྣམ་གྲངས100གཏན་འཁེལ་བྱས་ཤིང་། ལྷ་ཀླུའི་འདམ་རའང་འདིའི་གྲས་སུ་ཚུད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།