གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་དང་བླངས་ཞབས་ཞུ་བྱ་འགུལ་གྱི་འགོ་རྩོམ་མཛད་སྒོ་སྤེལ།
གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་དང་བླངས་ཞབས་ཞུ་བྱ་འགུལ་གྱི་འགོ་རྩོམ་མཛད་སྒོ།
ཟླ5བའི་ཚེས22ཉིན་གྱི་སྔ་དྲོ། ཀྲུང་དབྱང་དཔལ་ཡོན་གཞུང་སྒྲུབ་ཁང་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ། མཚོ་སྔོན་ཞིང་ཆེན་དཔལ་ཡོན་གཞུང་སྒྲུབ་ཁང་བཅས་ཀྱིས་གཙོ་སྒྲུབ་དང་། མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན། མཚོ་ལྷོ་ཁུལ་ཨུའི་དྲིལ་སྒྲོག་པུའུ། མཚོ་ལྷོ་ཁུལ་དཔལ་ཡོན་གཞུང་སྒྲུབ་ཁང་། ཁྲི་ཀ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་འགན་སྒྲུབ་གནང་བའི“གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་དང་བླངས་ཞབས་ཞུའི་བྱ་འགུལ”གྱི་འགོ་རྩོམ་མཛད་སྒོ་ཁྲི་ཀ་རྫོང་ཆུ་ཟོམ་ཐང་ཆེན་དུ་གཟབ་རྒྱས་ངང་སྤེལ་ཞིང་། འབྲེལ་ཡོད་འགོ་ཁྲིད་དང་འགན་ཁུར་བ་རྣམས་ཐེངས་འདིའི་མཛད་སྒོར་ཞུགས་པ་རེད།
མཛད་སྒོའི་སྟེང་འཁྲབ་སྟོན་བྱེད་པ།
མཛད་སྒོའི་ཟུར་ཞིག
ཐེངས་འདིའི་བྱ་འགུལ་ནི་གཙོ་ཆེར་རྒྱ་ཆེའི་སྤྱི་ཚོགས་དང་བླངས་ཞབས་ཞུ་རྩ་འཛུགས་དང་མི་སྒེར་རང་འགུལ་དུ་སྐྱེ་ཁམས་སྲུང་སྐྱོབ་དང་བླངས་ཞབས་ཞུ་བྱ་བར་ཞུགས་པར་སྐུལ་བ་ཡིན་ཞིང་། སྐྱེ་ཁམས་སྲུང་སྐྱོབ་དང་བླངས་ཞབས་ཞུའི་བྱ་འགུལ་རབས་དང་རིམ་པ་སྤེལ་ཏེ་ཕ་ཡུལ་གྱི་རི་བོ་སྔར་ལས་སྔོ་ལྡེམ་ཞིང་ཆུ་བོ་སྔར་ལས་དྭངས་གཙང་། ནམ་མཁའ་སྔར་ལས་གཡའ་དག་པར་བྱེད་པ་དང་། “མཛེས་སྡུག་ཀྲུང་གོ”འཛུགས་སྐྲུན་དང“ཀྲུང་གོའི་འདུན་མ” མངོན་འགྱུར་བྱེད་པར་དགེ་མཚན་ཆེན་པོ་ལྡན།
ཉ་ཚེ་ཐར་གཏོང་བ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com