རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྩྭ་སའི་སྐྱེ་ཁམས་མ་ལག་རིམ་བཞིན་སླར་གསོ་བྱུང་བ།

རྩོམ་པ་པོ།:རྡོ་རྗེ་བསམ་འགྲུབ། ཡོང་ཁུངས།:ཀྲུང་གོའི་བོད་ཀྱི་དྲ་བ། དུས་ཚོད།:2011-09-24 08:16:00 ཀློག་གྲངས།:

              2005ལོར་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་འགོད་ལ་རྒྱལ་ཁབ་ཀྱི་ཆོག་མཆན་ཐོབ་པ་དང་། མ་དངུལ་སྒོར་ཐེར་འབུམ7དང་དུང་ཕྱུར5གཏོང་རྒྱུའི་འཆར་གཞི་བཀོད། དེ་ནི་རང་རྒྱལ་གྱི་ཆེས་ཆེ་བའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལས་གཞི་ཞིག་ཡིན། ལོ་ངོ6རིང་ལ་ཧུར་བརྩོན་བྱས་པར་བརྒྱུད་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྩྭ་ས་ཞན་འགྱུར་གྱི་སྣང་ཚུལ་ལ་ཐོག་མའི་འགོག་བཅོས་བྱེད་ཐུབ་པ་སྟེ།སྔོ་ཤུན་སླར་གསོའི་ཕན་འབྲས་མངོན་གསལ་ཡིན་པ་དང་རྩྭ་སའི་སྐྱེ་ཁམས་མ་ལག་རིམ་བཞིན་སླར་གསོ་བྱུང་བ་རེད།
              རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་བཟོ་འགོད་དེ་ཕྱུགས་བཀག་རྩྭ་སྐྱོང་དང་། ཕྱུགས་ཟོག་ཇེ་ཉུང་དུ་གཏོང་བ། ས་ནག་ཐང་བཅོས་བསྒྱུར། མིས་བཟོས་ཆར་འབེབ་སོགས་ཀྱི་ལས་གཞི་མང་པོ་ཡོད་ལ། དེའི་གཙོ་གནད་ནི་ལས་གཞི་ཁུལ་གྱི་རྩྭ་ས་ཞན་འགྱུར་དང་མཐོ་སྒང་གི་སྔོ་ཤུན་སླར་གསོ་བྱེད་རྒྱུ་དེ་རེད། བརྟག་བཤེར་བྱས་པར་གཞིགས་ན། ཉེ་བའི་ལོ་འགའི་རིང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་སྔོ་ཤུན་ཁེབས་པའི་རྩྭ་ས་རིམ་བཞིན་ཇེ་ཆེར་འགྲོ་བཞིན་ཡོད། 2010ལོ་དང2005ལོ་གཉིས་བསྡུར་ན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྔོ་ཤུན་ཁེབས་ཚད་ཆ་སྙོམས་ཀྱིས་བརྒྱ་ཆའི3.08མཐོར་འདེགས་བྱུང་། ལས་གཞི་ལག་བསྟར་བྱས་པའི་ཚུན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྩྭ་ས་ཞན་འགྱུར་གྱི་རྣམ་པར་ཐོག་མའི་འགོག་བཅོས་བྱེད་ཐུབ་ལ། སྔོ་ཤུན་སླར་གསོ་ལ་ཕན་འབྲས་མངོན་གསལ་བྱུང་སྟེ་རྩྭ་སའི་སྐྱེ་ཁམས་མ་ལག་རིམ་བཞིན་སླར་གསོ་བྱུང་།
              དེ་དང་མཉམ་དུ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྩྭ་སའི་རྩྭའི་ཐོན་ཚད་མངོན་གསལ་གྱིས་ཇེ་མཐོར་སོང་ལ། རྩྭ་སའི་སྐྱེ་ཁམས་ནུས་པ་རིམ་བཞིན་སླར་གསོ་བྱུང་ཡོད། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་གཞུང་སྒྲུབ་ཁང་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གཞུང་སྒྲུབ་ཁང་གི་ཆེད་གཉེར་ཀྲུའུ་རིན་གཞོན་པ་ལིས་ཞའོ་ནན་གྱིས་མཚམས་སྦྱོར་བྱེད་རྒྱུར། 2005ལོ་ནས2010ལོའི་བར་གྱི་ལོ5རིང་ལ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྩྭ་སའི་ཆ་སྙོམས་ཀྱི་རྩྭའི་ཐོན་ཚད་མུའུ་རེ་ནས་སྤྱི་རྒྱ44.3ལ་སླེབས་ཤིང་། དེ་བཟོ་འགོད་ལག་བསྟར་མ་བྱས་སྔོན་གྱི2000ལོ་ནས2004ལོའི་བར་གྱི་ལོ5ཡི་ཆ་སྙོམས་སུ་རྩྭའི་ཐོན་ཚད་དང་བསྡུར་ན24%ཡས་མས་གོང་དུ་འཕེལ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།