རྒྱལ་ཁབ་ཀྱི་ཆུ་བེད་ལས་ཁུངས་ཀྱིས་མཚོ་སྔོན་པོའི་མཚོ་ཆུ་ཤོང་ཚད་ལ་ཚད་འཇལ་བྱེད་བཞིན་ཡོད་པ།

རྩོམ་པ་པོ།:དཔའ་བརྟན་རྒྱལ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན། དུས་ཚོད།:2011-08-16 08:35:00 ཀློག་གྲངས།:

  མིག་སྔར། རྒྱལ་ཁབ་ཆུ་བེད་ལས་ཁུངས་ཀྱིས་མཚོ་སྔོན་པོའི་མཚོ་ཆུ་ཤོང་ཚད་ལ་ཚད་འཇལ་བྱེད་བཞིན་ཡོད་ཅིང་། ཚད་འཇལ་གྱི་བྱ་བ་ཟླ་བརྒྱད་པའི་ཟླ་མཇུག་ལ་མཇུག་རྫོགས་རྒྱུ་ཡིན་པ་དང་། དེའི་མཇུག་འབྲས་ཀྱིས་མཚོ་སྔོན་པོའི་སྐྱེ་ཁམས་ལ་ཞིབ་འཇུག་དང་གསར་སྤེལ་བྱེད་པ་དང་། ཕྱོགས་ཡོངས་ནས་བསྒྱུར་བཅོས་བྱེད་པར་ཚན་རིག་གི་གཞི་འཛིན་ས་འདོན་སྤྲོད་བྱེད་ཐུབ།
  རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། མཚོ་སྔོན་པོ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐེངས་དང་པོར་རྒྱལ་ཡོངས་ཀྱི་ཆུ་བེད་ཞིབ་བཤེར་བྱ་བའི་ཁྲོད་གཏན་འཁེལ་བྱས་པའི་མཚོ་ཆུའི་ཤོང་ཚད་ཚད་འཇལ་བྱེད་ཡུལ་གྱི་གྲས་ཡིན་པ་དང་། མཚོ་སྔོན་པོར་ལོ་ངོ་ལྔ་བཅུ་ལྷག་གི་རིང་ལ་མཚོ་ཆུའི་ཤོང་ཚད་ཚད་འཇལ་བྱས་མ་མྱོང་ཞིང་། ཐེངས་འདིའི་མཚོ་ཆུའི་ཤོང་ཚད་ཚད་འཇལ་བྱེད་པའི་བྱ་བ་ནི་མཚོ་སྔོན་ཞིང་ཆེན་གྱི་ཆུའི་རིག་གནས་ཐོན་ཁུངས་རྟོག་དཔྱོད་ཅུའུ་དང་འབྲི་ཆུའི་ཆུ་བེད་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་མཉམ་དུ་སྒྲུབ་བཞིན་ཡོད་ལ། ཐེངས་འདིའི་མཚོ་ཆུའི་ཤོང་ཚད་ཚད་འཇལ་བྱེད་པའི་བྱ་བ་ལེགས་འགྲུབ་ཡོང་ཆེད། མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་ལས་ཁུངས་ཀྱིས་མཚོ་ཆུའི་ཤོང་ཚད་ལག་བསྟར་བྱེད་ཐབས་དང་། མཚོ་སྔོན་པོའི་མཚོ་ཆུའི་ཤོང་ཚད་ཚད་འཇལ་བྱེད་པའི་མཚོ་ཐོག་མྱུར་སྐྱོབ་གྲ་སྒྲིག་བྱེད་ཐབས་གཏན་འཁེལ་བྱས་ཏེ། ཚད་འཇལ་གྱི་བྱ་བ་ལེགས་འགྲུབ་ཡོང་བར་ཁག་ཐེག་བྱས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།