མཚོ་སྔོན་གྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྲུང་སྐྱོབ་བྱ་བར་གྲུབ་འབྲས་མངོན་སུམ་ཐོན་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-08-15 10:53:00 ཀློག་གྲངས།:


མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་གི་ཁོངས་སུ་ཡོད་པའི་མཚེའུ་ཆུང་ཆུང་ཞིག

  རང་རྒྱལ་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པར་དམིགས་ནས་སྤྱི་ལོ2005ནས་བཟུང་། འཆར་གཞིའི་མ་དངུལ་ཐེར་འབུམ་བདུན་དང་དུང་ཕྱུར་ལྔ་བཏང་ནས་རྨ་འབྲི་རྫ་གསུམ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་བཟོ་སྐྲུན་སྤེལ་འགོ་བརྩམས་ཤིང་། ལས་གཞི་ལག་བསྟར་བྱེད་ཡུལ་ནི་ཡུལ་ཤུལ་དང་། རྨ་ལྷོ། མགོ་ལོག་བཅས་བོད་རིགས་རང་སྐྱོང་ཁུལ་གསུམ་གཙོ་བྱས་པའི་མཚོ་སྔོན་ལྷོ་རྒྱུད་ས་ཁུལ་ཡིན། བཟོ་སྐྲུན་འདིའི་ཁྲོད་སྐྱེ་ཁམས་སྲུང་སྐྱོབ་དང་། རོང་འབྲོག་མང་ཚོགས་ཀྱིས་ཐོན་སྐྱེད་འཚོ་བའི་རྨང་གཞི་སྒྲིག་བཀོད། སྐྱེ་ཁམས་སྲུང་སྐྱོབ་རྒྱབ་སྐྱོར་བཅས་ཀྱི་འཛུགས་སྐྲུན་གསུམ་ཡོད་ལ། ཕྱུགས་བཀག་རྩྭ་གསོ་དང་། སྐྱེ་ཁམས་སྐྱས་སྤོར། མིས་བཟོས་ཆར་འབེབ། ཨ་བྲའི་གནོད་འཚེ་འགོག་པ་སོགས་ཁྱོན་སྡོམ་ཡན་ལག་ལས་གཞི22ཡོད་པ་རེད།
  མིག་སྔར། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ལེགས་བཅོས་བྱེད་པར་གྲུབ་འབྲས་ལེགས་པོ་ཐོན་པ་སྟེ། ཡུལ་དེའི་སྐྱེ་ཁམས་ཉམས་རྒུད་དུ་འགྲོ་བའི་རྣམ་པ་ལེགས་སྒྱུར་བྱེད་ཐུབ་པ་དང། སྐྱེ་ཁམས་ཀྱི་ཞབས་ཞུའི་ཕན་ནུས་གཟེངས་སུ་ཐོན་ཞིང་། ཆུ་ཡི་འབབ་ཚད་ཇེ་མང་དུ་སོང་བ་དང་བསྟུན་ནས་ཀྲུང་ཧྭ་མི་རིགས་ཀྱི་ཆུ་ཡི་གཏེར་མཛོད་ཀྱི་ཕན་ནུས་རིམ་བཞིན་ཉམས་གསོ་བྱེད་ཐུབ་པ་བྱུང་།


ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་རྫོང་གི་འབའ་ཐང་རྩྭ་ཐང།

ཡུལ་ཤུལ་རྫོང་ཁྲ་འགུ་སྡེ་བའི་རོང་འབྲོག་མང་ཚོགས་ཀྱི་གཏན་སྡོད་ཁུལ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།