མཚོ་སྐྱ་རེངས་དང་སྔོ་རེངས་གཉིས་ཀྱི་ཆུ་ཉིན་རེ་བཞིན་རྒྱས་བཞིན་པ།

རྩོམ་པ་པོ།:ཚེ་རིང་སྒྲོལ་མ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་ཚིགས། དུས་ཚོད།:2011-08-08 08:55:00 ཀློག་གྲངས།:


རྨ་ཆུའི་མགོ་ཁོངས་ཀྱི་མཚོ་སྔོ་རེངས་འགྲམ་རྒྱུད།

  མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་དུ་ཡོད་པའི་མཚོ་སྐྱ་རེངས་དང་མཚོ་སྔོ་རེངས་གཉིས་ནི་རྨ་ཆུའི་བཞུར་རྒྱུན་ཁྲོད་དུ་ཆེས་ཆེ་བའི་ཚྭ་མེད་མཚོ་མོ་གཉིས་ཡིན་པ་དང་། མཚོ་སྐྱ་རེངས་དང་སྔོ་རེངས་གཉིས་ལ་ཆུའི་ཐོན་ཁུངས་ཅུང་ཕུན་སུམ་ཚོགས་པོ་ཡོད། ཉེ་བའི་ལོ་འགའི་རིང་ལ། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བྱ་བ་མུ་མཐུད་དུ་སྤེལ་བ་དང་བསྟུན་ནས། རྨ་ཆུའི་མགོ་ཁོངས་སུ་ཡོད་པའི་མཚོ་སྐྱ་རེངས་སྔོ་རེངས་གཉིས་ཀྱི་ཆུ་ཉིན་རེ་བཞིན་རྒྱས་བཞིན་ཡོད་ལ། ཆུའི་རྒྱ་ཁྱོན་དེ་ཉིས་སྟོང་ལྔ་ལོ་དང་བསྡུར་ན་སོ་སོར་སྤྱི་ལེ་གྲུ་བཞི་མ་སོ་གཅིག་གྲངས་ཆུང་བདུན་དྲུག་དང་སྤྱི་ལེ་གྲུ་བཞི་མ་ང་དགུ་དང་གྲངས་ཆུང་བཞི་དྲུག་འཕར་སྣོན་བྱུང་།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།