ཉིང་ཁྲིའི་ཀོང་པོ་རྒྱ་མདའ་རྫོང་གི་སྤྲེའུ།

རྩོམ་པ་པོ།:ལྗོན་སྨྱུག ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ།   དུས་ཚོད།:2011-07-25 08:39:00 ཀློག་གྲངས།:


རང་གི་བྱིས་པ་གཉོར་ནས་འདུག་པ།


ཟ་མ་བཟའ་རན་སོང་།

            བོད་ལྗོངས་ཀྱི་སྤྲེའུ་ནི་སྤྲེའུ་ཁྱིམ་རྒྱུད་ནང་གི་གཟུངས་བོངས་ཆེས་ཆེ་བའི་རིགས་ཤིག་ཡིན་ཞིང་། བྲག་རི་དང་རྫ་ཆུའི་ངོགས། ལུང་གཞུང་། གཙང་པོའི་འགྲམ་ངོགས་བཅས་ཀྱི་ནགས་ཚལ་ལམ་བྲག་རིའི་སྟེང་འཚོ་སྡོད་བྱེད་རྒྱུར་དགའ། ༢༠༠༣ལོར་བོད་ལྗོངས་ཉིང་ཁྲི་ས་ཁུལ་གྱིས་ཀོང་པོ་རྒྱ་མདའ་རྫོང་གྲོང་གསར་ཤང་གི་ལྷུན་རྩེའི་གྲོང་གསེབ་ཏུ་སྤྲེའུ་ཚོགས་ཤིག་གནས་འདིར་འཚོ་སྡོད་བྱས་ཡོད་པ་ཤེས་རྟོགས་བྱུང་བ་རེད།        


ང་ཚོའི་ཐུན་མོང་གི་བཟའ་བཏུང་ཡིན་ལགས།

གུང་ཟས་ཁ་ངོར་འབྱར་འདུག་པ་ལ་རྣམ་པ་ཚོ་དགོད་ཁ་ཤོར་ངེས།

            སྤྲེའུ་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་ཀྱི་གྲས་སུ་གཏོགས་པ་དང་། གཟུགས་ཀྱི་རིང་ཚད་ལ་ལི་སྨི43—55ཡོད་པ་དང་། རྔ་མའི་རིང་ཚད་ལ་ལི་སྨི15—24ཡོད་པ་རེད། བོད་ཀྱི་དམངས་ཁྲོད་དུ་སྤྲེའུ་མི་རུ་གྱུར་བའི་གཏམ་རྒྱུད་ངག་རྒྱུན་དུ་ཁྱབ་ཡོད་པ་མ་ཟད། གནའ་བོའི་བསྟན་བཅོས་ཀྱི་ནང་དུའང་བཀོད་འདུག་ལ། དུས་མཚུངས་སུ་གནའ་བོའི་ཕོ་བྲང་པོ་ཏ་ལ་དང་། ནོར་བུ་གླིང་ག་བཅས་ཀྱི་ལྡེབས་རིས་སུ་ཡང་སྙིང་ཉེ་བའི་སྲོག་ཆགས་འདི་དག་གི་གཟུགས་བརྙན་མཐོང་ཐུབ།


ངའི་ལག་པ་འདི་ལས་ཅུང་ཆེ་ན་དགའ་བ་ལའང་།

            ཡར་ཀླུང་གཙང་པོའི་ངོགས་སུ་ཆགས་པའི་ལྷོ་ཁའི་རྩེད་ཐང་གྲོང་བརྡལ་གྱི་ཀོང་པོ་རིའི་སྟེང་དུ་སྤྲེའུ་སྡོད་སའི་བྲག་ཁུང་ཞིག་ཡོད་པས། རྩེད་ཐང་ཞེས་པའི་མིང་དེ་ཡང་སྤྲེའུ་རྩེད་སའི་ཐང་ཡིན་པས་མིང་དེ་ལྟར་ཐོགས་པ་རེད།


རུམ་ཁོག་དྲོན་མོ།

            ཉིང་ཁྲིའི་ཀོང་པོ་རྒྱ་མདའ་རྫོང་གིས་ལོ་དུ་མར་སྲུང་སྐྱོབ་བྱས་པར་བརྟེན་སྤྲེའུའི་ཁ་གྲངས་ཇེ་མང་དུ་སོང་བ་མངོན་གསལ་ཡིན་ཞིང་། རི་འདབས་སུ་བསྐྱོད་ཐེངས་ཀྱང་ཉིན་རེར་ཇེ་མང་ཡིན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།