བོད་ལྗོངས་ལྷུན་གྲུབ་རྫོང་དུ་ཁྲུང་ཁྲུང་སྐེ་ནག་གི་རང་བྱུང་སྐྱེད་ཚལ་ཞིག་གྲུབ་ཡོད་པ།
རྒྱལ་ཁབ་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཁྲུང་ཁྲུང་སྐེ་ནག
བོད་ལྗོངས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ཆབ་དཀར་ཞང་ནི་ཁྲུང་ཁྲུང་སྐེ་ནག་བག་ཡངས་རྒྱུ་སའི་གནས་གཙོ་བོ་ཞིག་ཡིན་པ་དང་། ཆབ་དཀར་ཞང་དུ་རྩྭ་ཆུ་འཛོམས་པོ་ཡོད་པས་ས་དེ་ནི་ཁྲུང་ཁྲུང་སྐེ་ནག་གི་རྒུམ་འཐུ་སའི་གནས་གཙོ་བོ་ཞིག་ཏུ་གྱུར་ཡོད།
རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ལོ་རེའི་ཟླ་བཅུ་བའི་ཟླ་མཇུག་དང་ཟླ་བཅུ་གཅིག་པའི་ཟླ་མགོར་བོད་ལྗོངས་ལྷུན་གྲུབ་རྫོང་དུ་དགུན་སྐྱེལ་བར་ཡོང་བའི་ཁྲུང་ཁྲུང་སྐེ་ནག་སྟོང་གཅིག་དང་བདུན་བརྒྱ་ཡས་མས་ཡོད་པ་དང་། དེ་ནི་ཡར་ཀླུང་གཙང་པོའི་དབུས་རྒྱུད་གྲོག་རོང་ཁུལ་གྱི་ཁྲུང་ཁྲུང་སྐེ་ནག་གི་ཁྱབ་རྒྱ་ཆེས་གཅིག་བསྡུས་ཡིན་པའི་སྲུང་སྐྱོབ་ས་ཁུལ་ཞིག་ཡིན། བོད་ལྗོངས་ནགས་ལས་ཐིན་གྱིས་སྡོམ་རྩིས་བྱས་པ་ལྟར་ན། མིག་སྔར། བོད་ལྗོངས་སུ་ཁྲུང་ཁྲུང་སྐེ་ནག་སྟོང་བརྒྱད་ཡས་མས་ཡོད་པ་དང་། དེས་འཛམ་གླིང་ཡོངས་ཀྱི་ཁྲུང་ཁྲུང་སྐེ་ནག་གི་གྲངས་ཀའི་བཞི་ཆའི་གསུམ་ཟིན་ཡོད།
ཁྲུང་ཁྲུང་སྐེ་ནག་གིས་ཞིང་ནང་དུ་རྒུམ་འཐུ་བཞིན་པ།
ཁྲུང་ཁྲུང་སྐེ་ནག་སྲུང་སྐྱོབ་ཁུལ་དུ་བསླངས་པའི་ས་མཚམས་རྡོ་རིང་།
ཆབ་དཀར་ཞང་གི་ཁྲུང་ཁྲུང་སྐེ་ནག་གི་དགུན་སྐྱེལ་ས།
ཁྲུང་ཁྲུང་སྐེ་ནག་སྲུང་སྐྱོབ་ཁུལ་གྱི་བྱང་བུ་དེ་ཆབ་དཀར་རྫོང་དུ་འགྲོ་བའི་ལམ་དུ་བཙུགས་ཡོད་པ།
ལོ་ཙཱ་བ། ཚེ་རིང་སྒྲོལ་མ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com