གཉན་པོ་གཡུ་རྩེའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་པར་སྐྱེ་ཁམས་བྱ་དགའ་ཐོབ་པ།

རྩོམ་པ་པོ།:སྨིན་དབུས་པོ། ཡོང་ཁུངས།:མཚོ་སྔོན་པོ་ཟིན་བྲིས། དུས་ཚོད།:2011-06-10 09:07:00 ཀློག་གྲངས།:


བྱ་དགའ་འགྲན་རྩོད་བྱེད་ཡུལ་གྱི་ཚོགས་རའི་རྣམ་པ།

            སྤྱི་ལོ2011ལོའི་ཟླ6པའི་ཚེས5སྟེ་འཛམ་གླིང་ཁོར་ཡུག་གི་ཉིན་མོར་རྒྱལ་ས་པེ་ཅིན་གྲོང་ཁྱེར་དུ་ཨ་རི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་ཚོགས་པ་གཉིས་ཀྱིས་མཉམ་བསྒྲུབསSEE﹒TNCསྐྱེ་ཁམས་བྱ་དགའ་ཞེས་པའི་འགྲན་ཚོགས་ཤིག་བསྡུས། འགྲན་བསྡུར་གྱི་ཁ་གཏད་ཡུལ་གཙོ་བོ་ནི་མིག་སྔར་བསྒྲུབས་ཟིན་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་བའི་རྣམ་གྲངས་དང་གྲུབ་འབྲས། ཁོར་ཡུག་སྲུང་སྐྱོབ་དགོས་པའི་དམིགས་ཡུལ་དང་ཁོར་ཡུག་ལ་བཟུང་བའི་ནང་བསམ་བློའི་འདུ་ཤེས་རྒྱུས་ལོན་ཐད་ནས་ཡིན་འདུག


སྐྱེ་ཁམས་སྲུང་སྐྱོབ་ཐད་ཀྱི་བྱ་བའི་སྙན་ཞུ་དང་བགྲོ་གླེང་གི་རྣམ་པ།


སྐྱེ་ཁམས་སྲུང་སྐྱོབ་ཀྱི་བྱ་བར་འགྲིམ་འགྲུལ་བྱེད་སྟངས་ཀྱི་འགྲན་བསྡུར་བ་འཇུ་བཀྲ་ཤིས་བཟང་པོ།

            བྱ་དགའ་འགྲན་རྩོད་ཀྱི་ཚོགས་ཞུགས་པ་རྒྱལ་ནང་གི་མི་རིགས་ཁག་གི་ཚོགས་པ་དང་མི་སྒེར་ཁྱོན(280)ལྷག་གིས་གྲུབ་ཡོད་པ་དང་། ཆེད་མཁས་དཔྱད་འདེམས་པ་དག་གིས་རིམ་པ་ལྟར་རྟིང་རྩོད་པ་ཚོགས་པ་དང་མི་སྒེར(28)བཀར་བའི་ཁྲོད་ནས་མི་སྒེར(12)དང་ཚོགས་པ(2)བཅས་ཁྱོན(14)ལ་རིམ་པ་ལྟར་བྱ་དགའ་དངོས་སུ་ཐོབ་པ་དང་། དཔྱད་འདེམས་པ་དག་གིས་དགའ་བསུ་སྐར་གྲངས་ཆེས་མཐོ་བ་ནི་གཉན་པོ་གཡུ་རྩེའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་པར་རྒྱལ་ཁའི་ངང་ཐོབ་ཅིང་། བྱ་དགའ་ལ་བྱ་དགའི་རྟགས་མ་དང་བདེན་དཔང་། ཀྲུང་སྒོར་ཁྲི(20)བཅས་རེད།


ཐེངས་འདིའི་བྱ་དགའི་རྟགས་མ་རྒྱལ་ཁའི་ངང་ལེན་མཁན་
གཉན་ཚོགས་སྤྱི་ཚབ་པ་འཇུ་བཀྲ་ཤིས་བཟང་པོ།


གཉན་ཚོགས་ཀྱི་ཐུས་ཚབ་པ་མིང་སྲིང་གཉིས་ཀྱི་དཀའ་
སྡུག་གི་བྱ་བའི་གྲུབ་འབྲས་ལོན་པའི་དྲན་རྟེན་པར།

བྱ་དགའ་དེ་གཉེར་མཁན་གྱི་རྒྱལ་ཁབ་ཀྱི་ཚོགས་པ་གཉིས་ནི།
            གཅིག     TNCརང་བྱུང་ཁམས་སྲུང་སྐྱོབ་མཐུན་ཚོགས་ནི། སྤྱི་ལོ་གཅིག་དགུ་ལྔ་གཅིག་ལོར་ཨ་རིའི་ཧྥོ་ཇུས་ནུས་ཡ་ལྗོངས་སུ་དངོས་སུ་དབུ་ཚུགས་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་དགའ་ཞིག་ཡིན་ལ། མིག་སྔར་ཨ་སྒོར་དུང་ཕྱུར(37)གྱི་མ་རྩ་དང་།ལོ་རེར་ཨ་སྒོར་དུང་ཕྱུར་བརྒྱད་ཀྱི་ཐེབས་རྩ་སྒྲུབ་ཐུབ་ཤིང་ཚོགས་མི་ཁྲི་ཕྲག་བརྒྱ་ཅན་གྱི་འཛམ་གླིང་སྟེང་ཆེས་ཆེ་བའི་སྲིད་གཞུང་མ་ཡིན་པའི་ཚོགས་པ་ཞིག་རེད།
            གཉིས། SEE(阿拉善)ཨ་ལ་ཧྲན་ཐེབས་རྩ་ཚོགས་པ་ནི་ཉིས་སྟོང་བརྒྱད་ལོར་ཀྲུང་གོའི་ཁེ་ལས་པས་གཙོ་སྒྲུབ་བྱས་པའི་ཚོགས་པ་ཞིག་ཡིན་ཞིང་། ཚོགས་པ་དབུ་ཚུགས་ནས་གྲུབ་འབྲས་ཆེད་ལས་ཀྱི་བྱ་བ་མི་ཉུང་བ་ཞིག་ལ་གྲུབ་འབྲས་མངོན་མྱོང་བའི་ཚོགས་པ་ཞིག་རེད་འདུག


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།