རྨ་ཆུའི་སྐྱེ་ཁམས་རྫོང་འཛུགས་སྐྲུན་གྱི་ཕན་འབྲས།
2009ལོར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་གིས་ཤུགས་ཆེན་སྒོས་སྐྱེ་ཁམས་རྫོང་འཛུགས་པའི་འཐབ་ཇུས་ལག་བསྟར་བྱས་ཤིང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཤུགས་ཚད་ཁྱོན་ཡོངས་ནས་ཇེ་ཆེར་བཏང་ལ། ཧུར་བརྩོན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ལེགས་ བཅོས་ཀྱི་ཐབས་ཤེས་གལ་ཆེན་རབ་དང་རིམ་པ་བེད་སྤྱད་པས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་དེ་ཚན་རིག་གི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་ཞུགས་པ་རེད། ཀན་ལྷོ་ཁུལ་རྨ་ཆུའི་ཆུ་ཁུངས་གཙོ་བོ་གསབ་སྤྲོད་ཀྱི་སྐྱེ་ཁམས་ཕན་ནུས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་ལས་གཞི་གོམ་པ་བརྟན་པོའི་ངང་ལག་བསྟར་བྱས་པ་མ་ཟད། འཕེལ་རྒྱས་ངོ་མ་བྱུང་། བརླན་སའི་སྲུང་སྐྱོང་དང་། རང་བྱུང་ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་། ཕྱུགས་བསྐྱུར་རྩྭ་གསོ་སོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ལས་གྲྭ་སྐོར་ཞིག་ཕྱོགས་ཡོངས་ནས་ལག་བསྟར་བྱས། རྩྭ་ཐང་གི་སྐྱེ་ཁམས་ལ་གཏོར་བརླག་གཏོང་བའི་ཁྲིམས་འགལ་བྱ་སྤྱོད་ཀྱི་རྡུང་རྡེག་ཤུགས་ཚད་མུ་མཐུད་དུ་ཇེ་ཆེར་བཏང་ཞིང་། ཐུན་མོང་གི་ནགས་དབང་ལམ་ལུགས་བཅོས་བསྒྱུར་ཇེ་མགྱོགས་སུ་བཏང་། ཕྱུགས་བསྐྱར་རྩྭ་གསོ་མུའུ་ཁྲི80ལེགས་འགྲུབ་བྱས་ཤིང་། རྩྭ་ཐང་མུའུ་ཁྲི70ཡི་ཨ་བྲ་བསད་པ། གནད་སའི་སྤྱི་ཕན་ནགས་ཚལ་མུའུ་ཁྲི10.5ཡི་སྲུང་སྐྱོང་ལས་འགན་ལེགས་འགྲུབ་བྱུང་བ། བྱེ་འགོག་བྱེ་བཅོས་ལས་གཞིའི་ཐད་མྱུག་གསོའི་གཞི་སའི་འཛུགས་སྐྲུན་ལེགས་འགྲུབ་བྱས་པ། སྡོང་རྐང་ཁྲི1.2བཙུགས་པ་བཅས་ཀྱིས་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ནུས་ལྡན་བྱས། གཏེར་ཁའི་ཐོན་ཁུངས་སྔོག་འདོན་ཁོར་ཡུག་གི་དོ་དམ་ཤུགས་ཚད་སྔར་ལས་ཇེ་ཆེར་བཏང་ཞིང་། ཤུགས་ཆེན་གྱིས་འབུར་དུ་ཐོན་པའི་གནད་དོན་ཐག་བཅད། གེ་སར་གསེར་འདོན་ཀུང་སིར་ཀན་སུའུ་ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་ཐིན་གྱི་བཙན་གྱིས་གཙང་དག་ཐོན་སྐྱེད་ཀྱི་ཞིབ་རྩིས་ཐོབ་ཅིང་། མ་དངུལ་སྒོར་ཁྲི6311བཏང་ནས་གེ་སར་གསེར་འདོན་ཀུང་སིའི་ནུས་ཁུངས་གྲོན་ཆུང་དང་བཙོག་ཆུ་ཉུང་གཏོང་ལས་གཞི་ལག་བསྟར་བྱས་པ། གུར་ཁོག་གསེར་གཏེར་གྱི་གསེར་འདུས་ཚད་དམའ་བའི་གཏེར་རྡོའི་ཕྱོགས་བསྡུས་བེད་སྤྱོད་ལས་གཞིར་ཞིང་ཆེན་རིམ་པའི་ཞིབ་དཔྱད་ཐོབ། རྫོང་ཡོངས་ཀྱི་ལས་ཁུངས་ཀྱིGDPཡི་ནུས་པའི་ཟད་གྲོན5%མར་བབས་ཤིང་། ནུས་ཁུངས་གྲོན་ཆུང་དང་བཙོག་ཆུ་ཉུང་གཏོང་གི་དམིགས་ཚད་སྣ་ཚོགས་ལེགས་འགྲུབ་བྱུང་སྟེ། རྫོང་ཡོངས་ཀྱི་སྦགས་བཙོག་གི་འབྱུང་ཁུངས་ཀྱི་ཡོངས་ཁྱབ་ཞིབ་བཤེར་བྱ་བར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་རེད། །
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com