སྐྱེ་ཁམས་ཕྱུགས་ལས་ལ་ཡར་སྐུལ།
ཟླ་བདུན་པའི་ཚེས་ཉེར་བདུན་ཉིན་ཧྲིན་ཀྲང་གཞོན་པ་སྟག་འབུམ་ཐར་གྱིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཀོས་ནན་རྫོང་དུ་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་བྱ་བར་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྐྱེ་ཁམས་ཕྱུགས་ལས་ནི་རང་ཞིང་གི་སྲོལ་རྒྱུན་གྱི་ཕྱུགས་འཚོ་སྟངས་སྒྱུར་པའི་བྱེད་ཐབས་ཤིག་ཡིན་ལ། འབྲོག་ཕྱོགས་ཀྱི་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་པར་ཡར་སྐུལ་བྱེད་པའི་ཐབས་ལམ་ཉག་གཅིག་ཡིན་པས། སྐྱེ་ཁམས་ཕྱུགས་ལས་འགོ་རྩོམ་པའི་ཐོག་མའི་དུས་རིམ་གྱི་སྐབས་སུ་ངེས་པར་དུ་གནད་འགག་གི་བྱ་བ་ལྔ་ཁོང་དུ་ཆུད་པར་བྱེད་དགོས་ཟེར།
སྟག་འབུམ་ཐར་གྱིས་ནན་གྱིས་བསྟན་དོན། གཅིག་ནས་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བཙུགས་ནས་མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་གིས་ཕྱུགས་ལས་ཐད་སྤྱད་པའི་བྱེད་ཐབས་དེ་ཧུར་ཐག་གིས་ཁྱབ་བརྡལ་དུ་གཏོང་བ་དང་། ཆ་རྐྱེན་ཡོད་པའི་ས་ཁུལ་གྱིས་མ་རྐང་མཉམ་ལས་བརྒྱུད་ནས་ཚང་མ་རྩ་འཛུགས་བྱས་ཏེ་སྐྱེ་ཁམས་ཕྱུགས་ལས་ལ་སྒྲིག་གཞིའི་རྨང་གཞི་འདོན་སྤྲོད་བྱེད་དགོས། གཉིས་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བཙུགས་ནས་ངེས་པར་དུ་སྔོན་ཆད་ཀྱི་རྩྭ་ར་དང་ཞིང་ས། ཕྱུགས་ཟོག ཕྱུགས་བསྐྱིལ་སོགས་ཐོན་སྐྱེད་རྒྱུ་ཆ་ཆེད་ལས་མཉམ་ལས་ཁང་དུ་གཅིག་བསྡུ་བྱས་ནས་གཅིག་གྱུར་གྱིས་ཐོན་སྐྱེད་དང་གཅིག་གྱུར་གྱིས་ཉོ་ཚོང་། གཅིག་གྱུར་གྱིས་ཞབས་ཕྱི། གཅིག་གྱུར་གྱིས་འཕེལ་རྒྱས་ཀྱི་འཆར་གཞི་གཏན་འཁེལ་བྱེད་པ། གཅིག་གྱུར་གྱིས་རོང་འབྲོག་པ་མང་ཚོགས་གསོ་སྦྱོང་བྱས་ནས་གཞི་ཁྱོན་ཅན་གྱི་ཐོན་སྐྱེད་མངོན་འགྱུར་བྱེད་དགོས། གསུམ་ནས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་བསྣན་ནས་སྡེ་བ་སོ་སོའི་ཆེད་ལས་མཉམ་ལས་ཁང་གིས་ད་ཡོད་ཀྱི་ཐོན་སྐྱེད་རྒྱུ་ཆ་གང་ལེགས་སྒོས་བེད་སྤྱོད་དགོས། བཞི་ནས་ཕྱུགས་ཟོག་ཇེ་ཉུང་དུ་གཏོང་བའི་བྱ་བ་བཟང་པོར་བསྒྲུབ་དགོས། ལྔ་ནས་ངེས་པར་དུ་ངལ་རྩོལ་པ་ལྷག་མའི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་ཟེར།
མཇུག་མཐར་སྟག་འབུམ་ཐར་གྱིས་དམིགས་སུ་བཀར་ནས་བསྟན་དོན། རིམ་པ་སོ་སོའི་སྲིད་གཞུང་གིས་དཔེ་སྟོན་སྡེ་བ་འཛུགས་སྐྲུན་བྱེད་པ་དེ་སྐྱེ་ཁམས་ཕྱུགས་ལས་ལ་ཡར་སྐུལ་བྱེད་པའི་གནད་ས་ཡིན་པས་བྱ་བ་དེ་ཉིན་རེའི་གྲོས་རིམ་གལ་ཆེན་དུ་འཇོག་དགོས་ཟེར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com