༄༅།།གངས་ལྗོངས་ས་མཐོའི་རང་བྱུང་ཁོར་ཡུག་ཞིབ་འཇུག་རྩི་ཤིང་དང་ནགས་ཚལ་གྱི་སྐོར།
འགག་གནད་ཀྱི་ཚིག གངས་ལྗོངས་ས་མཐོ། རང་བྱུང་ཁོར་ཡུག །རྩི་ཤིང་དང་ནགས་ཚུལ། སྲུང་སྐྱོབ།
དོན་ཚན་དང་པོ། གནའ་བོའི་གངས་ལྗོངས་ས་མཐོའི་རྩི་ཤིང་དང་གྲོང་ཁྱེར་ལྷ་སའི་སྐྱེད་མོས་ཚལ་གྱི་སྐོར་བཤད་པ།
༡.བོད་ས་མཐོར་སྐྱེས་པའི་ཤིང་ལ་ཐང་ཤིང་དང༌། སེང་ལྡེང༌། གླང་མ། བེ་དོ། ལྕང་མ། སྐྱེ་ཡག །རྒྱ་ལྕང༌། ཡོ་སྦོག །སྦྱར་པ། སྦྱར་སྐྱ། གྲོ་བ། སྐྱེ་ཚེར། དམར་ཚེར། སྔོ་མོ། སྤ་མ། བ་ལུ། སུ་ལུ། ཚར་པ། སྐྱེར་པ། བསེ་ཤིང༌། སེ་བ། སྨྱུག་མ། སྦ། བོ་དེ་ཙེ། སྔ་ཤིང༌། དེ་མིན་འབྲས་ཤིང་ཁམ་བུ་དང༌། སྟར་་ཁ། ཀུ་ཤུ། ལི། ཅོ་ལོ། སིའུ། རྒུན་འབྲུམ། སེང་འབུམ། ངང་ལག །སེ་འབྲུ། ཚ་ལུ་མ་སོགས་རྩི་ཤིང་གི་རིགས་ཤིན་ཏུ་མང་ངོ༌།།
༢.ཕྱི་ལོ༡༩༦༦ལོའི་གོང་གི་གྲོང་ཁྱེར་ལྷ་སར་ཡོད་པའི་མིས་བཟོས་སྐྱེད་མོས་ཚལ་ཇི་ལྟར་ཡོད་ཚུལ་བཤད་པ། དེ་ཡང་ནོར་བུ་གླིང་ཁ་གཙོ་བོར་གྱུར་པའི་འཇར་རག་གླིང་ཁ་(དེང་སྐབས་ལྷ་ས་སློབ་འབྲིང་གནས་ཡུལ་)དང༌། ཉི་གཞོན་གླིང་ཁ་(དེང་སྐབས་ལྷ་ས་བྱིས་གསོ་ཁང་གནས་ཡུལ་)རྡོ་རོག་གླིང་ཁ་(ཡིག་ཟམ་གསོལ་མགྲོན་ཁང་གནས་ཡུལ)ཕྱག་མཛོད་གླིང་ཁ་(བོད་དམག་ཁུལ་ཁང་གི་འགྲུལ་སྐྱེལ་རླངས་འཁོར་བབས་ཚུགས་གནས་ཡུལ་ཏེ་བོད་དམག་ཁུལ་ཁང་གི་ཤར་ངོས་སུ་ཡོད་)འཁྲབ་བདེ་གླིང་ཁ་(བོད་དམག་ཁང་གནས་ཡུལ་)ནོར་སྟོད་གླིང་ཁ་(ནོར་བུའི་གླིང་ཁའི་རྒྱབ་ཀྱི་ལྷ་ས་བཟོ་པའི་སྨན་ཁང་དང་བོད་དམག་ཁུལ་ཁང་གི་པར་འདེབས་བཟོ་གྲྭ་དང་ནོར་བུ་གླིང་ཁའི་ལྷོ་ཕྱོགས་ཀྱི་ལྷ་ས་འགྲིམ་འགྲུལ་བབས་ཚུགས་ནས་བརྒྱད་གཅིག་ཞིང་ལས་ཀུང་སིའི་བར་གྱི་ས་ཆ་ཁག་གཅིག་)རྩེ་དྲུང་གླིང་ཁ་(ལྷ་ས་སྐྱིད་ཆུའི་འགྲམ་གྱི་ཚྭ་རོང་དང་ཀྲུང་གོ་དངུལ་ཁང་གི་ལྷོ་ངོས་སུ་ཡོད་)གཤོང་ཁ་གླིང་ཁ་(ལྷ་ས་འོ་མ་ཀུང་སི་དང་གཤོང་ཁ་དང་མཐུན་སྒྲིལ་གྲོང་ཚོའི་ཤར་ངོས་དང་སྤྱི་ཚོགས་ཚན་རིག་ཁང་དང་བཅས་པ་གནས་ཡུལ་)སྤོ་གླིང་ཁ་(ལྷ་ས་ལུས་རྩལ་ཐང་ཆེན་གནས་ཡུལ་)གྲྭ་བཞི་གླིང་ཁ་(བོད་དམག་ཁུལ་ཁང་གི་མཚོན་ཆ་ཉམས་གསོ་བཟོ་གྲྭ་དང་གྲྭ་བཞི་བཙོན་ཁང་གནས་ཡུལ་)འཕར་ར་གླིང་ཁ་(བོད་ལྗོངས་སློབ་གྲྭ་ཆེན་མོ་དང་ལྷ་ས་སྲིད་གྲོས་དང་ལྷ་ས་བཅའ་ཁྲལ་ལས་ཁུངས་གནས་ཡུལ་)གླིང་ཁ་གསར་པ་(ལྷ་ས་ཕྱུགས་རིགས་སྨན་ཁང་གནས་ཡུལ་)ཀརྨ་ཤག་གླིང་ཁ་(ལྷ་ས་སྤྱི་སྤྱོད་རླངས་འཁོར་ཀུང་སི་གནས་ཡུལ་)རྨེ་རུ་གླིང་ཁ་(ལྷ་ས་སློབ་འབྲིང་དང་པོ་གནས་ཡུལ་)རྦ་ཏི་གླིང་ཁ་(སེ་ར་ཤར་གྱི་གླིང་ཁ་)དཔལ་ལྷའི་མཚོན་འཁོར་གླིང་ཁ་(ལྷ་ས་མི་དམངས་འཐུས་ཚོགས་གནས་ཡུལ་)ཆབ་བསིལ་གླིང་ཁ་(ལྷ་ས་གློག་བརྙན་ཀུང་སི་གནས་ཡུལ་)རྒྱ་མཚོ་གླིང་ཁ(ཝ་པ་གླིང་འབྲུ་རིགས་ཚོང་ཁང་གནས་ཡུལ་)ལྕགས་པོ་རི་ནས་ནོར་བུ་གླིང་ཁའི་བར་དུ་ཡོད་པའི་བདེ་སྐྱིད་གླིང་ཁ་དང༌། འཁྱགས་པགས་གླིང་ཁ་སོགས་ནི་དེང་རྩ་བའི་ཆ་ནས་རྩ་མེད་དུ་འགྲོ་བཞིན་ཡོད་པ། སྤྱི་རིའི་གླིང་ཁ་(འབྲས་སྤུངས་དགོན་པའི་གླིང་ཁ་)ལྷ་ས་གླིང་བརྒྱུད་ལམ་དེ་སྔོན་ལྷ་ས་གྲོང་ཁྱེར་སྲིད་གཞུང་དང་རུམ་ཐག་ལས་ཁུང་གནས་ཡུལ། ཝ་པ་གླིང་ཚོང་ཁང་དང་བཅས་པའི་ཁུལ་དེ་དག་གླིང་ཁ་ཡིན་པས་ན་བཅིངས་འགྲོལ་རྗེས་སུ་གྲོང་ཁྱེར་སྲིད་གཞུང་གི་གཞུང་ལམ་འདིར་གླིང་རྒྱུད་ལམ་ཞེས་བཏགས་པ་དང་དེང་སྐབས་ཅང་སུའུ་ལམ་ཟེར། ལྕང་གསེབ་ཤར་གླིང་ཁ་(ལྷ་ས་སློབ་ཆུང་དང་པོ་གནས་ཡུལ་དང་པེ་ཅིང་དཀྱིལ་ལམ་གྱི་ས་ཆ་ཁག་གཅིག་ཡིན་)བཞུགས་ཁྲི་གླིང་ཁ་(བོད་རང་སྐྱོང་ལྗོངས་སྲིད་གཞུང་གནས་ཡུལ་དང་)གཞན་ཡང་སེ་འབྲས་དགེ་ལ་སོགས་པའི་དགོན་པའི་ཁམས་ཚན་ཁག་ལ་རེ་རེ་ཡོད་པ་བཅས་མདོར་ན་ནོར་བུ་གླིང་ཁ་གཙོ་བོར་གྱུར་བའི་ལྷ་སའི་ཕྱ
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com