ངོས་དང་པོ > སྣོད་བཅུད། > སྐྱེ་ཁམས་སྲུང་སྐྱོང་། > མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་ཐབས།
མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་ཐབས།
རྩོམ་པ་པོ།:དཔའ་རིས་བསོད་ནམས་ཚེ་རིང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2008-05-07 09:52:53
ཀློག་གྲངས།:
འབངས་མི་རྣམས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་དང་གཅེས་སྐྱོང་བྱེད་པའི་འདུ་ཤེས་མཐོར་འདེགས་བྱེད་པ་དང་བཅའ་ཁྲིམས་དྲིལ་བསྒྲགས་དང་ལག་བསྟར་བྱེད་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་གང་ཐུབ་དང༌། ནང་སྒོས་སུ་འབྲེལ་ཡོད་སྲིད་གཞུང་དང་ལས་ཁུངས། སློབ་གྲྭ།དམངས་ཁྲོད་མཐུན་ཚོགས་སོགས་ཀྱིས་རང་རྒྱལ་གྱིས་གཏན་ཕབ་བྱས་པའི་《ནགས་ཚལ་སྐོར་གྱི་བཅའ་ཁྲིམས》དང《རྩྭ་ཐང་སྐོར་གྱི་བཅའ་ཁྲིམས》《ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་བཅའ་ཁྲིམས》《རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་སྐོར་གྱི་བཅའ་ཁྲིམས》《རང་རྒྱལ་གྱི་ཡུལ་ཁམས་སྲུང་སྐྱོབ་བཅའ་ཁྲིམས》སོགས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་འབྲེལ་བ་ཡོད་པའི་བཅའ་ཁྲིམས་མ་ལུས་ཚང་མ།མདོ་དབུས་མཐོ་སྒང་དུ་སྡོད་པའི་ལས་བྱེད་པ་དང་དམག་མི། བཟོ་བ། ཞིང་པ། སློབ་མ་རདག་གིས་རོང་འབྲོག་མང་ཚོགས་རྣམས་ལ་གསལ་བོར་སྒྲོག་དགོས།གཞན་ཡང་བརྙན་འཕྲིན་དང་རྒྱང་སྒྲོག ཚགས་པར། སློབ་དེབ། དུས་དེབ་སོགས་བརྒྱུད་དེ་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་གལ་ཆེན་རང་བཞིན་དང༌། མིའི་རིགས་དང་སྐྱེ་ཁམས་ཁོར་ཡུག་བར་འབྲེལ་བ་དམ་པོ་མཆིས་ཚུལ་ལ་ཡང་འགྲེལ་གསལ་འགྲེལ་དང་ནང་སྒོས་སུ་སྐྱེ་ཁམས་ཁོར་ཡུག་ལ་གཏོར་རླག་བཏང་བ་དེ་མིའི་རིགས་རང་ཉིད་ཀྱི་ཁྱིམ་གཞི་དང་ཚེ་སྲོག་ལ་གནོད་འཚེ་བཏང་བ་དང་ཁྱད་མེད་གནས་ལུགས་ཚང་མར་གསལ་བཤད་བྱེད་དགོས། ཁྲིམས་འཛིན་ནུས་ཤུགས་ཆེ་རུ་བཏང་ནས་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱེལ་བའི་བྱ་སྤྱོད་དང་ནག་ཉེས་ཅི་རིགས་ལ་སྙིང་རྗེ་ཙམ་ཡང་མེད་པའི་སྒོ་ནས་རྡུང་རྡེག་བྱེད་པ་དང༌། རྒྱལ་ཁབ་སྲིད་གཞུང་གིས་སྲིད་ཇུས་ཐད་ནས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཕན་ནུས་ལྡན་པའི་བྱ་ཐབས་སྤྱོད་དགོས། ནང་སྒོས་སུ་མི་ཤུགས་དང་རྒྱུ་ཤུགས།ལག་རྩལ་སོགས་ཀྱི་ཐད་དུ་རོགས་སྐྱོར་ཆེན་པོ་བཅའ་དགོས་ཤིང་རིམ་ཁག་སོ་སོའི་མགོ་ཁྲིད་ལས་བྱེད་པ་དང་རྒྱ་ཆེའི་མང་ཚོགས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་གཅེས་སྐྱོང་བྱེད་པའི་འདུ་ཤེས་སྔར་ལས་ཇེ་མཐོར་གཏོང་དགོས། མི་ཚང་མར་སློབ་གསོ་བཏང་ནས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་བྱ་བ་ནི་དུས་རབས་གཅིག་གི་ཕན་ཁེ་ལ་དམིགས་ནས་སྒྲུབ་བཞིན་པའི་བྱ་བ་ཞིག་མིན་ལ། དེ་བསྐལ་པ་དཔག་མེད་བར་གྱི་བུ་རབས་ཚ་རྒྱུད་དུ་མའི་འཚོ་གནས་ལ་ཐུག་པའི་བྱ་བ་གལ་ཆེན་ཞིག་ཡིན་པ་ཤེས་དགོས།ཕྱིན་ཆད་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་བྱས་རྗེས་འཇོག་མཁན་ལ་སྲིད་གཞུང་དང་འབྲེལ་ཡོད་ལས་ཁུངས་ཀྱིས་བྱ་དགའ་གནང་བ་དང༌། གནོད་འཚེ་གཏོང་མཁན་ལ་ཉེས་ཆད་དྲག་པོ་བཅད་ན་རེད། ང་ཚོས་ཤེས་གསལ་ལྟར་རང་བྱུང་གནོད་པ་ལས་གཏོར་རླག་བྱས་པའི་ཕན་ཆད་ནས་སྐྱེ་ཁམས་ཁོར་ཡུག་ཉམས་དམས་སུ་གཏོང་མཁན་དེ་མིའི་རིགས་རང་ཉིད་ཡིན་པས་ཉམས་པ་སླར་གསོ་དང་སྲུང་སྐྱོབ་གང་ལེགས་བྱེད་པའི་འོས་འགན་མིའི་རིགས་རང་གི་ཕྲག་ལ་བབས་ཡོད་པར་སྨོས་ཅི་དགོས། དེའི་ཕྱིར་ང་ཚོས་ནུབ་རྒྱུད་གསར་སྤེལ་སྒོས་མདོ་དབུས་མཐོ་སྒང་གསར་སྤེལ་བྱེད་དུས་སྐྱེ་ཁམས་ཁོར་ཡུག་གི་བདེ་འཇགས་ངེས་པར་དུ་མཉམ་འཇོག་བྱེད་དགོས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།