ངོས་དང་པོ > སྣོད་བཅུད། > སྐྱེ་ཁམས་སྲུང་སྐྱོང་། > ༄༅།།ཀན་ལྷོ་ཁུལ་བསང་ཆུ་རྫོང་གིས་རྨོ་བསྐྱུར་ནགས་འཛུགས་ཀྱི་གྲུབ་འབྲས།
༄༅།།ཀན་ལྷོ་ཁུལ་བསང་ཆུ་རྫོང་གིས་རྨོ་བསྐྱུར་ནགས་འཛུགས་ཀྱི་གྲུབ་འབྲས།
རྩོམ་པ་པོ།:གངས་ཕྲུག
ཡོང་ཁུངས།:ཀན་ལྷོ་བོད་སྐད་བརྙན་འཕྲིན་ཁང་།
དུས་ཚོད།:2008-05-04 09:29:32
ཀློག་གྲངས།:
ཀན་ལྷོ་ཁུལ་བསང་ཆུ་རྫོང་གིས་དཔྱིད་ཀའི་སྡོང་འཛུགས་ནགས་བཟོའི་གོ་སྐབས་བཟང་བོ་བེད་སྤྱོད་བྱས་ནས། བྱ་བའི་ཤུགས་ཚད་ཇེ་ཆེར་བཏང་སྟེ། གོམ་གང་མདུན་སྤོས་སྒོས་རྨོ་བསྐྱུར་ནགས་འཛུགས་ཀྱི་གྲུབ་འབྲས་སྲ་བརྟན་དུ་བཏང་། འགོ་ཁྲིད་ལ་ཤུགས་སྣོན་པ་དང་འགན་འཁྲི་གསལ་བོ་བྱས་ཏེ། ངེས་པར་དུ་རྨོ་བསྐྱུར་ནགས་འཛུགས་དག་ཐེར་དང་ལེགས་བཅོས་ཀྱི་བྱ་བ་ལེགས་སྒྲུབ་དང་། མུ་མཐུད་དུ་ད་ཡོད་ ཀྱི་ཨར་ལས་རྣམ་གྲངས་ཀྱི་བདག་སྐྱོང་ལ་ཤུགས་བསྣན་པས། གསོན་ཚད་དང་སྲུང་འཛིན་ ཚད་མཐོར་འདེགས་སུ་བཏང་བ་དང་། གནོད་པ་དང་གཏོར་བརླག་ཏུ་བཏང་བ་དང་ཨར་ལས་འཛུགས་བསྐྲུན་གྱིས་རྨོ་བསྐྱུར་ནགས་འཛུགས་ཀྱི་ས་ཞིང་བཟུང་སྤྱོད་བྱེད་པ་མགྱོགས་མྱུར་གྱིས་སླར་གསོ་བྱས། བྱེད་ཐབས་ནུས་ལྡན་སྤྱད་དེ། གསབ་འདེབས་དང་གསབ་འཛུགས་ བྱ་བ་དོན་ཐོག་ཏུ་འཁྱོལ་བ་ལེགས་འཛིན་བྱས།རང་ཉིད་ཀྱིས་ཞིབ་བཤེར་རྩིས་ལེན་བྱེད་ པར་ཤུགས་བསྣན་ཏེ་རྨོ་བསྐྱུར་ནགས་འཛུགས་ལས་གྲྭའི་སྤུས་ཚད་ཁག་ཐེག་བྱས། རྨོ་བསྐྱུར་ནགས་འཛུགས་རྩྭ་འདེབས་ཀྱི་ལས་གྲྭ་འགོ་བརྩམས་ཏེ་ལག་བསྟར་བྱས་པ་ནས་བཟུང་སྟེ། རྫོང་འདིས་རིམ་རྩིས་བྱས་ན་རྨོ་བསྐྱུར་ནགས་འཛུགས་ས་མུའུ7942དང་རྨོ་བསྐྱུར་རྩྭ་ འདེབས་ས་མུའུ7058དང་། ས་རྒོད་དུ་ནགས་ས་མུའུ13000བཟོས་ཤིང་། ས་མུའུ7000ལ་རི་རྒྱ་ནགས་གསོ་བྱས་པ་ལག་བསྟར་བྱས། རྨོ་བསྐྱུར་ནགས་འཛུགས་རྩྭ་འདེབས་ཀྱི་ལས་གྲྭ་ལག་བསྟར་བྱས་པ་དེས་ཚད་ངེས་ཅན་ཞིག་གི་སྟེང་དུ་ས་ཆུ་ཤོར་བ་བཀག་འགོག་བྱས་ཏེ། རྫོང་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ ལེགས་བཅོས་སུ་གཏོང་བར་བྱས་རྗེས་ཆེན་པོ་བཞག་པ་མ་ཟད། རོང་འབྲོག་སྡེའི་ངལ་རྩོལ་ ནུས་ཤུགས་དེ་ཐོན་ལས་གསུམ་པར་སྤོ་འགྱུར་བྱེད་པར་སྐུལ་སྤེལ་བཏང་བས། མང་ཚོགས་ ཀྱི་ཡོངས་སྒོ་འཕར་ཞིང་ཕྱུག་པོར་འགྱུར་བར་སྐུལ་ཁྲིད་བྱས་སོ།།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།