༄༅། །གངས་དཀར་ཇོ་མོ་གླང་མའི་སྟེང་གད་སྙིགས་བཏུས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-03-25 08:57:09 ཀློག་གྲངས།:
ཡུལ་སྐོར་བ་ཇེ་མང་དུ་ཕྱིན་པ་དང་བསྟུན་ནས་གངས་དཀར་ཇོ་མོ་གླང་མར་གད་སྙིགས་མང་པོ་སྤུང་འདུག་པས། གད་སྙིགས་འཐུ་མཁན་ཤིན་ཏུ་མཁོ།
རི་མགོར་འཛེག་པའི་དུས་སྐབས་ནི་ཟླ་གསུམ་པའི་ཟླ་མཇུག་ནས་མགོ་བརྩམས་ཏེ་ཟླ་ལྔ་བའི་ཟླ་མཇུག་ལ་མཇུག་སྒྲིལ་བ་ཡིན་ལ། དེར་མཐུད་དེ་སྨི5200ཡན་གྱི་ས་ཁུལ་ཡོངས་སུ་ཁོར་ཡུག་གཙང་སེལ་གྱི་བྱ་འགུལ་ཞིག་བྱེད་དགོས་པ་ཡིན།
གངས་དཀར་ཇོ་མོ་གླང་མ་རུ་གད་སྙིགས་འཐུ་རྒྱུ་ནི་ལས་སླ་མོ་ཞིག་མ་ཡིན་ཏེ། དེར་ལོ་གཉིས་ནས་གསུམ་བར་སྦྱོང་བརྡར་བྱེད་དགོས།
ལོ32ལ་སླེབས་པའི་མིང་དུ་གྲགས་པའི་རི་འཛེག་པ་དང་སྣེ་ཤན་པ་ཚེ་རིང་བསྟན་དར་གྱིས་བཤད་རྒྱུར། འདི་ནི་དངོས་གནས་ཡ་ང་བ་ཞིག་ཡིན། སྨི7000ཡན་ན་ཏག་ཏག་དངོས་པོ་གཅིག་འཐུ་བ་ལས་ཚེ་སྲོག་གི་ཉེན་ཁར་ཐུགས་པ་ཡིན།
ཁོས་ཉིན་ཞིག་དབྱང་དབུགས་དམ་བེ་གཉིས་དང་སྤོས་འགྱིག་གོར་ཁུག་ཅིག་འཐུ་དུས་གངས་རིའི་ཞབས་མེད་པར་སྣང་བའི་སྲུབས་ཀ་ཞིག་ལ་ལྷུང་བས། ཉིན་ཧྲིལ་བོར་འཁྱགས་དར་ཁྲོད་འཕག་འཚག་བྱས་པ་ནི་ཁོའི་འཇིགས་སྣང་གི་རྨི་ལམ་ཞིག་ཏུ་གྱུར།
འཛམ་གླིང་ན་ཆེས་མཐོ་བའི་སྒར།
ཐེངས་འདིས་ཁོ་ཚོས་ཟས་རིགས་གད་སྙིགས་སྟོང་ཁེ5000དང་། རི་འཛེག་སྒྲིག་ཆས་སྟོང་ཁེ1000། གསང་སྤྱོད་ལས་གཅིན་སྐྱག་སྟོང་ཁེ2000ལྷག་གཙང་སེལ་བྱས། ལོ་རྗེས་མར་ཡང་སྒར་མི་ཉུང་བ་ལས་མང་ཉུང་འདི་དང་མཚུངས་པའི་འཚོ་བའི་གད་སྙིགས་འབྱུང་སྲིད་ཡང་བསྐྱར་གཙང་སེལ་ཐེངས་ཤིག་བྱེད་དགོས།
གད་སྙིགས་འཐུ་བའི་འགྲུལ་བཞུད་ཐེངས་ཤིག་ལ་དུས་ཚོད་བརྒྱད་དགོས་ཤིང་། དེ་ནི་རླངས་འཁོར་མ་ཡིན་པར་སྤྱིར་བཏང་དུ་གཡག་ལ་བརྟེན་ནས་སྐྱོད་པ་ཡིན།
མཚོ་ངོས་ལས་ཆེས་མཐོ་སའི་ཉེན་ཁ།
གངས་རུད་དང་། གངས་འཚུབ། ས་མཐོའི་ནད་སོགས་ཀྱིས་དབང་གིས་གངས་དཀར་ཇོ་མོ་གླང་མའི་སྟེང་ལས་ཀ་ལས་རྒྱུ་ནི་འཇིག་རྟེན་འདིར་ཆེས་ཉེན་ཁ་ཆེ་བའི་ལས་ཤིག་རེད།
གངས་རིའི་ཁོར་སྲུང་རུ་ཁག་ནི་མི30ལས་གྲུབ་པ་ཡིན་ལ། མང་ཆེ་བ་ནི་སྣེ་ཤན་པའམ་རི་འཛེག་པའི་མཐུན་ཚོགས་འབྲེལ་གཏུག་ལས་མི་ཡིན།
ཏག་ཏག་རུ་ཁག་འདིའི་ས་གནས་ཀྱི་མི་གསུམ་གྱིས་སྨི5200ཡི་གཞི་སྒར་དང་སྨི6500བར་དུ་གད་སྙིགས་འཐུ་བ་ཡིན་ལ། སྨི6500ཡན་དུ་ཆེད་ལས་རི་འཛེག་པ་ཚེ་རིང་ལྟ་བུ་ཁོ་ནས་གད་སྙིགས་འཐུ་ཐུབ་པ་ཡིན། སྨི7000ཡན་ནམ་བཀག་སྡོམ་ས་ཁུལ་དུ་ཐ་ན་ཆེད་ལས་རི་འཛེག་པ་རྣམས་ཀྱང་ལུས་པོའི་དཀའ་ཁག་ཆེན་པོར་འཕྲད་པ་ཡིན་ཏེ། དགོས་མེད་ཀྱི་འགུལ་སྐྱོད་གང་རུང་གིས་ཚེ་སྲོག་གི་ཉེན་ཁར་སླེབས་པར་བྱེད། སྨི8000ལ་ཐོན་དུས། སྣེ་ཤན་པ་དག་གིས་ཀྱང་རི་འཛེག་པ་རྣམས་ལ་སྒྲིག་ཆས(ལྕི་ཚད་སྟོང་ཁེ2ཡས་མས་ཀྱི་དབྱང་དབུགས་དམ་བེ་ལྟ་བུ)དག་དོར་བར་སྐུལ་བ་ཡིན།

བྱིན་རླབས་ཅན་གྱི་གངས་རི་སྲུང་སྐྱོབ་བྱེད་པ།
ན་ནིང་མགོ་བརྩམས་པ་ནས་བཟུང་། གཙང་སེལ་བྱ་བ་དེ་རྩ་འཛུགས་ལེགས་པོ་བྱུང་།
འཚོ་བའི་གད་སྙིགས་ནི་ཕྱིར་བསྡུས་བེད་སྤྱོད་ཆོག་པའི་རིགས་དང་ཕྱིར་བསྡུས་བེད་སྤྱོད་བྱེད་མི་ཆོག་པའི་རིགས་སུ་བཀར་ཏེ། ཇོ་མོ་གླང་མ་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུའུ་ལ་སྤྲད་པ་ཡིན། དོར་བའི་སྒྲིག་ཆས་དག་ཕྱིར་ལྷ་སར་དྲུད་ཡོང་སྟེ་རིན་སྤར་ཕྱིར་འཚོང་ངམ་སྒྱུ་རྩལ་ལ་བསྒྱུར་བ་ཡིན།
རི་འཛེག་རུ་ཁག་གི་རུ་མི་སོ་སོས་མ་མཐར་ཡང་གད་སྙིགས་སྟོང་ཁེ8འཐུ་བ་དང་། དང་བླངས་པ་དང་རི་འཛེག་སྤྲོ་སེམས་ཅན་རྣམས་ཀྱིས་ཀྱང་ཁོ་ཚོའི་ཐུབ་ཚོད་ཀྱིས་དམ་བེ་དང་འགྱིག་ཁུག་སོགས་གད་སྙིགས་བཏུས།
ཀྲུང་གོའི་རྒྱལ་སྤྱི་བརྙན་འཕྲིན་དྲ་རྒྱ་ལས་བཏུས་ཏེ་བསྒྱུར།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།