ངོས་དང་པོ > སྣོད་བཅུད། > སྐྱེ་ཁམས་སྲུང་སྐྱོང་། > ༄༅།།ཨ་ཆེན་གངས་རྒྱབ་ཏུ་ད་ལོའི་གཙོད་གནས་སྤོས་སྐྱེ་འཕེལ་བྱས་ཚར་ཡོད།
༄༅།།ཨ་ཆེན་གངས་རྒྱབ་ཏུ་ད་ལོའི་གཙོད་གནས་སྤོས་སྐྱེ་འཕེལ་བྱས་ཚར་ཡོད།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མི་དམངས་དྲ་བ།
དུས་ཚོད།:2020-07-08 10:54:28
ཀློག་གྲངས།:

མཚོ་སྔོན་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་ཝུའུ་ཏའོ་ལེའང་སྲུང་སྐྱོང་ས་ཚུགས་ཀྱི་འགོ་འཛིན་གཞོན་པ་ཀརྨ་ཡར་འཕེལ་གྱིས་ཟླ་7ཚེས་2ཉིན་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོའི་ཁག་དང་པོའི་གཙོད43ཟླ་4ཚེས་30ཉིན་ནས་བཟུང་གནས་སྤོ་བྱེད་འགོ་ཚུགས་ཤིང་། དེ་ན་ནིང་ལས་ཅུང་སྔ་བ་ཡོད། ཀརྨ་ཡར་འཕེལ་གྱིས“གཙོད་གནས་སྤོ་ལ་སྲུང་སྐྱོང་བྱ་ཆེད་མིའི་འགལ་རྐྱེན་མི་ཕོག་པ་བྱེད་དགོས་པས། སྲུང་སྐྱོབ་ས་ཚུགས་ཀྱི་ལས་དོན་མི་སྣས་འཕྲུལ་རྟ་ཞོན་ནས་གནས་སྤོའི་ལམ་དུམ་དུ་སྐོར་སྲུང་བྱས་པ་དང་། གནས་སྤོ་བྱེད་རིང་གནས་སྐབས་འགྲིམ་འགྲུལ་བཀག་སྡོམ་བྱས་ཏེ་གཙོད་ཀྱི་ཚེ་སྲོག་བདེ་འཇགས་འགན་ལེན་བྱས་ཡོད་པར་བརྗོད།
བསྡོམས་རྩིས་ལས་མངོན་པར་གཞིགས་ན། ད་ལོ་གཙོད3600ལྷག་ཙམ་གནས་སྤོའི་ལམ་ཁ་བརྒྱུད་ཨ་ཆེན་གངས་རྒྱབ་དབུས་རྒྱུད་ཀྱི་གཙོད་གནས་མཚོ་རུ་གཙོད་ཕྲུག་སྐྱེ་བར་ཡོང་ཡོད། ཀརྨ་ཡར་འཕེལ་གྱིས་ལོ་ལྟར་གནས་སྤོའི་གྲངས་འབོར་དེ་ཙམ་གཏན་འཁེལ་མེད། འོན་ཀྱང་སྤྱིའི་ཆ་ནས་གནས་སྤོའི་གྲངས་འབོར་འཕར་བཞིན་ཡོད།
གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། གཙོད་གནས་སྤོས་ཚར་རྗེས་ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་ཡིས་ལས་དོན་མི་སྣ་མངགས་ནས“གཙོད་བཙའ་ཁང་ཆེ་མོ”ཞེས་སུ་གྲགས་པའི་གཙོད་གནས་མཚོའི་སྲུང་སྐྱོང་ས་ཚུགས་སུ་གཙོད་ཕྲུག་སྐྱེ་ཉེར་ཡོད་པའི་གཙོད་ལ་ཡུལ་དངོས་ནས་སྲུང་སྐྱོང་བྱས་ཡོད།
ལོ་རེའི་ཟླ་5པ་ནས་ཟླ་6པའི་ཟླ་7པའི་ཟླ་འགོར། ཤིན་ཅང་གི་ཨར་ཅིན་ཧྲན་དང་། བོད་བྱང་ཐང་། མཚོ་སྔོན་གྱི་ཨ་ཆེན་གངས་རྒྱབ་བཅས་ཀྱི་གཙོད་གཙོད་གནས་མཚོ་རུ་ཡོང་ནས་གཙོད་ཕྲུག་སྐྱེས་པ་དང་། ཟླ་8པའི་ཟླ་སྟོད་དུ་གཙོད་མོས་སྐྱེས་མ་ཐག་པའི་གཙོད་ཕྲུག་འཁྲིད་ནས་ཕྱིར་ རང་སོ་སོའི་འཚོ་གནས་བྱེད་སར་ལོག་བཞིན་ཡོད་པ་རེད། ཅིའི་ཕྱིར་ཐག་རིང་དུ་གནས་སྤོ་བྱས་ནས་གཙོད་ཕྲུག་བཙའ་བའི་ཐད་ལ་ད་ལྟའི་བར་དུ་དབང་གྲགས་ལྡན་པའི་འགྲེལ་བཤད་མེད་པས། མི་རྣམས་ཀྱིས་དེ་ལ“ཨ་ཆེན་གངས་རྒྱབ་ཀྱི་གསང་བ”ཞེས་ཀྱང་བརྗོད་ཀྱི་ཡོད།
གཞུང་ཕྱོགས་ཀྱི་གྲངས་གཞིའི་བསྡོམས་རྩིས་ལས་མངོན་གསལ། མིག་སྔར་མཚོ་སྔོན་ཨ་ཆེན་གངས་རྒྱབ་ས་ཁོངས་སུ་གཙོད་ཁྲི་7ཙམ་འཚོ་སྡོད་བྱས་ཡོད། སྲུང་སྐྱོང་བྱས་པ་བརྒྱུད་ཨ་ཆེན་གངས་རྒྱབ་ཏུ་ལོ11རིང་ལྐོག་རྔོན་རྒྱག་པའི་གྱོད་གཞི་ཐོན་མྱོང་མེད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།