ངོས་དང་པོ > སྣོད་བཅུད། > སྐྱེ་ཁམས་སྲུང་སྐྱོང་། > ༄༅།།ལོ15རིང་མཚོ་སྔོན་པོའི་ཆུ་ངོས་ཀྱི་མཐོ་ཚད་སྨི3196ཏུ་རྒྱས་པ།
༄༅།།ལོ15རིང་མཚོ་སྔོན་པོའི་ཆུ་ངོས་ཀྱི་མཐོ་ཚད་སྨི3196ཏུ་རྒྱས་པ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
དུས་ཚོད།:2021-03-18 08:55:24
ཀློག་གྲངས།:

གནའ་ནས་ད་བར་དུ་མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་སྲུང་སྐྱོབ་ནི་ཆབ་སྲིད་ཀྱི་འོས་འགན་དང་པོ་རུ་བརྩིས་ཏེ་སྲུང་སྐྱོབ་དང་བཅོས་སྐྱོང་ཐད་ལ་རྒྱུ་ཤུགས་གང་ཡོད་བཏོན་པ་དང་། མཚོ་སྔོན་པོའི་མཐའ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་རྒྱུན་ཆད་མེད་པ་བྱས། སྔ་གཞུག་ཏུ་རྩྭ་ཐང་གི་ཕྱོགས་བསྡུས་བཅོས་སྐྱོང་དང་། ན་འདམ་སྲུང་སྐྱོབ་དང་སླར་གསོ། ཕྱུགས་བསྐྱུར་རྩྭ་འདེབས། རང་བྱུང་སྲུང་སྐྱོབ་བྱེད་ས་འཛུགས་སྐྲུན་སོགས་སྐྱེ་ཁམས་འཛུགས་སྐྲུར་ལས་གཞི་ལག་བསྟར་བྱས་ཤིང་། ལོ་ལྔ་ཡི་རིང་ལ། མཚོ་སྔོན་པོའི་ན་འདམ་གྱི་རྒྱ་ཁྱོན་སྤྱི་ཆིང1.35ཇེ་ཆེར་སོང་བ་དང་། བྱེ་ཐང་དང་ས་ངོས་ཐེར་རྗེན། བ་ཚྭ་ཅན་གྱི་ས་ཡི་རྒྱ་ཁྱོན་སྤྱི་ཆིང3960ཇེ་ཆུང་དུ་སོང་། བསྟུད་མར་ལོ15རིང་མཚོ་སྔོན་པོའི་ཆུ་ངོས་ཀྱི་མཐོ་ཚད་སྨི3196.62ལ་སླེབས་ཤིང་། ལོ་ལྔའི་སྔོན་དང་བསྡུར་ན་སྨི1.8ཇེ་མཐོར་སོང་ཡོད་པ་དང་། ཆུའི་ཁེབས་རྒྱ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ4588.81ལ་སླེབས་ཡོད།དུས་རབས20པའི་ལོ་རབས60པའི་དུས་ཀྱི་གཞི་ཁྱོན་ཙམ་སླར་སོས་ནས་ཆུའི་ཁོར་ཡུག་གི་དམིགས་ཚད་ལོ་དུ་མའི་རིང་གཏན་འཇགས་སུ་གནས། ན་འདམ་གྱི་སྐྱེ་དངོས(ཆུ་བྱ)སྣ་མང་རང་བཞིན་དུ་གྱུར་ནས་ལོ་ལྔའི་ནང་རིགས་མི་འདྲ་བ་བཞི་གསར་དུ་བྱུང་བ་དང་། རིགས་ཁྱུ་སྤྱིའི་གྲངས་འབོར་ལོ་དུ་མའི་རིང་གཏན་འཇགས་ཁྲོད་གནས་ཡོད་པས། སྤྱིའི་ཐོན་ཁུངས་གྲངས་འབོར་ཁྲི40ལྷག་ལ་སླེབས་པ་དང་། གསེར་ཉའང་སྔ་མའི་སྲུང་སྐྱོང་བྱེད་པའི་དུས་དང་བསྡུར་ན་ལྡབ38འཕར་ཡོད་པ་རེད།
མཚོ་སྔོན་པོ་ཞེས་པའི་གསེར་གྱི་མིང་བྱང་འདི་ཡག་པོ་བཟོས་ནས་སྐྱེ་ཁམས་ཡུལ་སྐོར་གྱི་རྒྱལ་མཚན་ཞིག་ཏུ་བསྒྲེངས་པས་མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་དང་། ལྕགས་རྟའི་ཡུལ་སྐོར། གོམ་བགྲོད་ཡུལ་སྐོར་ལ་སོགས་གསར་དར་གྱི་ལས་རིགས་དང་། མཚོ་དང་རྩྭ་ཐང་གི་རང་བྱུང་མཛེས་ལྗོངས་དང་། ཆུ་བྱ་དང་གསེར་ཉའི་སྐྱེ་ཁམས་ཞིབ་སློབ། དམངས་སྲོལ་རིག་གནས་མྱོང་རོལ་ལ་སོགས་སྐྱེ་ཁམས་ཡུལ་སྐོར་ཐོན་རྫས་སོགས་ལ་ཡུལ་སྐོར་བས་དགའ་བསུ་ཐོབ་ཀྱི་ཡོད། ཡུལ་སྐོར་སྐུ་མགྲོན་སྣེ་ལེན་དང་ཡུལ་སྐོར་ཡོང་འབབ་ལོ་རེར་ཆ་སྙོམས་སུ10%ཡན་ལ་འཕར་བ་དང་། 2019ལོར་སྔ་གཞུག་ཏུ་སྐུ་མགྲོན་མི་ཐེངས་ཁྲི442.59སྣེ་ལེན་བྱས་ནས་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར6.24མངོན་འགྱུར་བྱུང་བས་ལོ་རྒྱུས་ཐོག་ཆེས་མཐོ་ཤོས་སུ་ཆགས།
ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་སྤྱི་གླིང་གསར་འཛུགས་ཕྱོགས་ནས《རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལོ་གསུམ་གྱི་བྱེད་སྒོའི་འཆར་གཞི་ལས་མཚོ་སྔོན་པའི་བྱ་བའི་ཇུས་གཞི》བཟོས་ཏེ། ཕྱོགས7ནས་ལས་འགན་སྣ29གཏན་འབེབས་ཐོག་ལག་བསྟར་བྱ་བར་སྐུལ་འདེད་ཧུར་ཐག་བྱས། ཐོག་མར་སྒྲིག་འཛུགས་བྱས་ཏེ་མཚོ་སྔོན་པོའི་འབབ་རྒྱུད་ཀྱི་རང་བྱུང་ཐོན་ཁུངས་དང་སྤྱི་ཚོགས་དཔལ་འབྱོར་ལ་རྟོག་ཞིབ་མཐིལ་ལོན་བྱས་པ་དང་། མཚོ་སྔོན་པོའི “ལོ་ལྔའི་འཆར་གཞི་བཅུ་བཞི”བའི་གནད་འགག་འཐབ་ཇུས་ལ་ཞིབ་འཇུག་དང་། རྒྱལ་ཁབ་སྤྱི་གླིང་འཚེ་མེད་འཕེལ་རྒྱས་ཞིབ་འཇུག འགན་འཁྲིའི་མཐའ་མཚམས་ཞིབ་འཇུག་ལ་སོགས་པའི་ཞིབ་འཇུག་བྱ་གཞི་ཆེ་ཁག་ལ་བཅས་ལ་ཞིབ་འཇུག་བྱས་ཏེ་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་གྲ་སྒྲིག་བྱས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།