བོད་པའི་ལ་རྒྱ།

རྩོམ་པ་པོ།:རྣམ་བཀུར་ཚེ་རིང༌། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-05-08 10:56:00 ཀློག་གྲངས།:

སློབ་གྲྭ། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭ།
སློབ་རིམ། དམའ་འབྲིང་།
རུས་མིང་།  རྣམ་བཀུར་ཚེ་རིང་།
འཛིན་གྲྭ། དམའ་འབྲིང་དང་པོའི་འཛིན་གྲྭ་དང་པོ།


བོད་པའི་ལ་རྒྱ།

                                  རྣམ་བཀུར་ཚེ་རིང༌།

         གངས་རི་དཀར་པོ་བོད་པའི་བླ་རི་ཡིན། །
         སྤང་ལྗོངས་སྔོན་མོ་བོད་པའི་ཕ་ས་ཡིན། །
         སྦྲ་ནག་གྲུ་བཞི་བོད་པའི་ཕ་ཁྱིམ་ཡིན། །
         རྡོག་རྩ་གཅིག་ཏུ་སྦྲེལ་ན་ལ་རྒྱ་ཡིན། །
 
         ས་རྩོད་ཆུ་རྩོད་བོད་པའི་བསྒྱུར་བྱ་ཡིན། །
         རྟ་ནོར་ལུག་གསུམ་བོད་པའི་འཚོ་བརྟེན་ཡིན། །
         བྱམས་དང་སྙིང་རྗེ་བོད་པའི་རང་གཤིས་ཡིན། །
         དཔུང་བ་མཉམ་དུ་གཤིབས་ནས་མདུན་དུ་བསྐྱོད། །


         ཆ་ལུགས་ངན་པ་བོད་པའི་སྤང་བྱ་ཡིན། །
         རང་སྐད་གཞན་བསྒྱུར་བོད་པའི་ངོ་ཚ་ཡིན། །
         སྐད་དང་ཡི་གེ་གཉིས་ཀ་སྲོག་རྩ་ཡིན། །
         སྲོག་རྩ་སྲུང་འཛིན་ཐུབ་ན་ལ་རྒྱ་ཡིན། །

 
 
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།