བསོད་ནམས་དབང་གྲགས།་ཀྱི་ཀ་མད་སྦྱོར་བའི་སྙན་རྩོམ།
རུས་མིང་། བསོད་ནམས་དབང་གྲགས།
འཛིན་གྲྭ མཐོ་གསུམ།
ཕ་ཡུལ། འཇོ་མདའ་རྫོང་།
རེ་འབོད།
ཀྭ་ཡེ་གསོན་དང་རང་མཉམ་གཞོན་ནུ་རྐང་དྲུག་ཚོ༎
ཁ་རོག་སྣང་བར་མ་གཡེང་རིག་པའི་བཅུད་ལ་རོལ༎
ག་ས་གང་དུ་སྡོད་པའི་བོད་ཀྱི་སྤུན་ཟླ་ལགས༎
ང་དང་ཁྱོད་ཀྱི་གཞིས་ཁྱིམ་དྲོན་མོ་མ་བོར་ཡ༎
ཅ་ཅོ་དོན་མེད་ལས་ལ་ཁ་ཡ་མི་བྱེད་ཅིང་༎
ཆ་ལུགས་རོགས་དང་མཐུན་ཏེ་རང་གི་ལ་རྒྱ་འཛིན༎
ཇ་ཆང་འཐུང་བར་ཞེན་ནས་དུས་ཚོད་སྐྱེལ་པ་ན༎
ཉ་ཆུ་བྲལ་བཞིན་རང་གི་མི་ཚེ་འཕུང་ཉེན་ཡོད༎
རྟ་ཕོར་བཞོན་རྒྱུའི་རྙིང་ཞེན་བློ་ཁ་ངར་སོང་ན༎
ཐ་མ་རང་རིགས་ཡར་ཐོན་ཡོང་རྒྱུའི་སྒུལ་ཤུགས་མེད༎
ད་ལྟའི་ཨུ་ཚུགས་འདུ་ཤེས་མ་བསྒྱུར་བསྐྱང་ན་ནི༎
ན་བའི་ནད་ཀྱིས་མནར་བཞིན་རྗེས་སུ་ལུས་ངེས་ཡིན༎
པ་ཊའི་རི་མོ་ཇི་བཞིན་འཚོ་བའི་འདུ་འཛི་རུ༎
ཕ་མེས་བཞག་པའི་མཛད་རྗེས་སྙིང་ནོར་རྣམས༎
བ་དན་རླུང་གིས་སྤུར་བཞིན་ལས་ཀྱིས་རྒྱུད་འཛིན༎
མ་འོངས་འདུན་ལམ་འཚོལ་དང་རིགས་གཅིག་གངས་ཕྲུག་ཚོ༎
ཙ་ར་གསེར་གྱི་རྐང་རྟེན་ཚན་རིག་རིག་གནས་སྦྱོངས༎
ཚ་བོ་མེ་དང་འཕྲད་ཀྱང་བརྩོན་པ་མ་དོར་ནས༎
ཛ་དྲག་ཆེ་བའི་དེང་གི་འཚོ་བའི་གཡུལ་ས་འདིར༎
ཝ་མོའི་རྔ་མ་ཅན་གྱི་ཕུང་གསུམ་སྐྱེ་བོར་འཐབ༎
ཞྭ་སྨྱུག་སེམས་ཀྱིས་སྐུད་པས་ཕ་སྐད་རིག་གནས་བརྒྱུས༎
ཟ་འོག་རི་མོ་ལས་ཀྱང་མཛེས་པའི་བོད་ཡིག་འདི༎
འ་ཅག་གདོང་དམར་ཀུན་གྱི་འཚོ་རྟེན་ཡིན་པའི་ཕྱིར༎
ཡ་རབས་ཚུལ་ལུགས་ཤིག་གིས་རྩད་ནས་སྐྱོང་དགོས་སོ༎
ར་ལུག་རྗེས་ནས་མ་འབྲང་སློབ་དཔོན་དམ་པའི་ཞབས༎
ལ་རྒྱ་སེམས་ཀྱིས་འཛིན་ནས་རིག་གནས་སློབ་པ་གཅེས༎
ཤ་ཚ་སྙིང་རྗེ་ལྡན་པ་རང་རེའི་བོད་ཀྱི་གཤིས༎
ས་སྟེང་འགྲོ་བ་ཐམས་ཅད་བྱམས་པའི་སྐྱོང་ན་ཆོས༎
ཧ་ཅང་མཛེས་པའི་མ་ཡུལ་གངས་ཀྱི་འཇིག་རྟེན་ལགས༎
ཨ་མ་གངས་ཀྱི་སྐུ་ཚེ་བརྟན་པའི་སྨོན་ལམ་ཞུ༎
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com