ལུ་གུ་ཆུང་ཆུང་། བསམ་གཏན་མཐར་ཕྱིན།

རྩོམ་པ་པོ།: ཡོང་ཁུངས།: དུས་ཚོད།:2013-05-09 17:39:00 ཀློག་གྲངས།:

རུས་མིང་། བསམ་གཏན་མཐར་ཕྱིན།
འཛིན་གྲྭ ལོ་རིམ་དགུ་བའི་འཛིན་གྲྭ་གཉིས་པ།

ལུ་གུ་ཆུང་ཆུང་།

        རྩྭ་ཐང་སྟེང་གི་རྩྭ་ཕྲན་ཉག་མ་རེ་རེ་ནི་ལུ་གུའི་ཁ་ཟས་ཡིན་ལ། ཞིམ་མངར་གྱི་ཆུ་ཐིགས་རེ་རེ་ནི་སྐོམ་པའི་གདུང་བ་སེལ་མཁན་ལགས། ལུ་གུ་ལ་ལྡན་པ་ནི་རྩྭ་ཕྲན་དང་ཆུ་ཕྲན་ལས་བྱུང་བའི་སྟོབས་ཤུགས་ཡིན་ལ། དཀར་འཇམ་གྱི་ལུག་བལ་དང་བབ་ཆགས་ཀྱི་གཤིས་ཀའང་ལགས། སྐྱེ་བོ་སུ་འདྲ་ཞིག་ཡིན་རུང་སྒོ་ཕྱུགས་ཆེ་བའི་རིགས་ལ་བསྟོད་གླུ་འབུལ་བ་ལས་ཉམ་ཆུང་གི་ལུ་གུ་ཞིག་ལ་སུས་ཀྱང་དོ་སྣང་བྱེད་མི་སྲིད། འོན་ཀྱང་བདག་ནི་ལུ་གུ་ཆུང་ཆུང་ལ་དགའ་ཞིང་ཁོའི་ལྷད་མེད་བབ་ཆགས་དང་དགའ་སྐྱིད་རྩེད་དགར་རོལ་བའི་རྣམ་པ་ལ་དེ་བས་ཀྱང་དགའ་པོ་ཡོད། རྒྱུ་མཚན་ནི་ལུ་གུ་ཆུང་ཆུང་ཡི་བྱ་སྤྱོད་སྣ་ཚོགས་ལས་ངས་རང་ཉིད་ཀྱི་ཆུང་དུས་ཀྱི་འཚོ་བ་དྲན་ཞིང༌། ཕྱི་གསལ་ནང་གསལ་དང་ལྷད་མེད་ཀྱི་གྲོགས་པོ་དག་དྲན་བྱུང༌།
        ཡིན་ནའང༌། ཆུང་དུས་སློབ་ཆུང་གི་འཚོ་བ་ནི་ལུ་གུ་དང་འདྲ་བར་དགའ་རྩེད་དང་ལྷད་མེད་ཀྱི་འཚོ་བ་ཞིག་ཡིན་ནའང༌། ད་ནི་འདས་ཟིན་པས་བཟློག་ཐབས་བྲལ་བ་ཡིན། དེ་བས་ངས་ནམ་ཡང་ནར་མ་སོན་པའི་བྱིས་པའི་སྣང་བ་མཁྲེགས་འཛིན་བྱས་པ་དེར་རང་གིས་རང་ལ་ཁྲེལ་དགོད་དང་འཕྱ་བར་འདོད་ལ། མིག་མདུན་གྱི་འཚོ་བར་གདོང་གཏོད་མི་ནུས་པ་ནི་ཅི་འདྲའི་ངོ་ཚ་ཞིང་ཁ་སྐྱེངས་དགོས་པ་ཞིག་རེད་ཨང༌།
        ངའི་རིགས་མཐུན་གྱི་སློབ་གྲོགས་ཚོ། ང་ཚོ་ནི་འཚར་ལོངས་བྱུང་བཞིན་པའི་ལུ་གུ་ཞིག་དང་འདྲ་ནའང༌། བདེ་སྐྱིད་དང་རྩེད་དགའ་ཁོ་ནར་མགོ་མི་འཁོར་བར་མ་འོངས་པའི་ཕུགས་བསམ་དང་རྒྱལ་ཁའི་ཆེད་དུ་བརྩོན་པ་རྒྱག་དགོས། རྒྱུ་མཚན་ནི་ང་ཚོ་ནམ་ཡང་ལུ་གུ་ཆུང་ཆུང་ག་ལ་ཡིན།

བསམ་གཏན་མཐར་ཕྱིན་ནི་ཕ་ཡུལ་ལུང་རིང་ནས་ཡིན་པ་དང་། རྩོམ་འབྲི་དང་གཞས་ཉན་པར་ཤིན་ཏུ་མོས། ཁོང་གི་མིང་གཞན་ལ་ས་སྨན་བ་བསམ་གཏན་མཐར་ཕྱིན་ཡིན། དུས་རབས་ཀྱི་དགོས་མཁོ་དང་བསྟུན་ནས་རང་རེའི་མེས་པོས་བཞག་པའི་སྐད་ཡིག་དང་སྲོལ་བཟང་སོགས་མ་ཉམས་གོང་འཕེལ་ཡོང་ཆེད། རང་ཉིད་ཀྱིས་ནུས་པ་ཡོད་རྒུ་བཏོན་ནས་ལེགས་སྐྱེས་འབུལ་རྒྱུ་ཡིན་ཟེར།

 
 
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།