དྲིན་ཆེན་མི་ལ་དྲིན་ལན་ཇི་ལྟར་འཇལ། ཚེ་རིང་རྡོ་རྗེ།

རྩོམ་པ་པོ།: ཡོང་ཁུངས།: དུས་ཚོད།:2013-05-10 17:01:00 ཀློག་གྲངས།:

རུས་མིང་། ཚེ་རིང་རྡོ་རྗེ།
འཛིན་གྲྭ དམའ་གསུམ་འཛིན་བདུན།

དྲིན་ཆེན་མི་ལ་དྲིན་ལན་ཇི་ལྟར་འཇལ།

ཆུང་ཆུང་བྱིས་པ་མ་རབས་པྲ་ཚགས་རྣམས།།
དྲིན་ཆེན་ཕ་མའི་བཀའ་ལ་མི་ཉན་པར།།
རྩེད་རྒྱུ་མ་གཏོགས་དྲན་རྒྱུ་ཅི་ཡང་མེད།།
དྲིན་ཆེན་མི་ལ་དྲིན་ལན་ཇི་ལྟར་འཇལ།།

སློབ་གྲྭའི་སྒོ་ཐེམ་འགྲིམ་པའི་སློབ་གྲོགས་ཚོ།།
རྩ་བའི་བླ་མའི་གསུང་ལ་མི་ཉན་པར།།
དུས་རྒྱུན་དྲ་ཁང་ཆང་ཁང་མྱུལ་ནས་འགྲོ།།
དྲིན་ཆེན་མི་ལ་དྲིན་ལན་ཇི་ལྟར་འཇལ།།

དེང་རབས་དུས་ཀྱི་གསར་བུ་ལོ་ཆུང་རྣམས།།
ནམ་རྒྱུན་རྒྱལ་འཇོག་ཤོ་ལ་མགོ་འཁོར་ནས།།
སེམས་པ་རྟག་ཏུ་རྐུན་འཕྲོག་ལས་ལ་ཕྱོགས།།
དྲིན་ཆེན་མི་ལ་དྲིན་ལན་ཇི་ལྟར་འཇལ།།

 
 
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།