རང་ཉིད་ཀྱི་མི་ཚེ། འཇིགས་བྱེད་རྡོ་རྗེ།

རྩོམ་པ་པོ།: ཡོང་ཁུངས།: དུས་ཚོད།:2013-05-10 17:27:00 ཀློག་གྲངས།:

རུས་མིང་། འཇིགས་བྱེད་རྡོ་རྗེ།
འཛིན་གྲྭ  དམའ་གསུམ་འཛིན་བདུན།

རང་ཉིད་ཀྱི་མི་ཚེ།

        རེད་ཡ། ང་ཚོ་མི་སུ་ཞིག་ཡིན་རུང་ཚེ་འདིར་ཐག་གཅོད་བྱེད་དཀའ་བའི་གནད་དོན་གང་མང་ལ་འཕྲད་མྱོང་མོད། འོན་ཀྱང་ང་ཚོའི་གནད་དོན་དེ་དག་ཧུར་ཐག་འབད་བརྩོན་གྱིས་ཡང་དག་པའི་ཐབས་ལམ་ཞིག་གིས་ཐག་གཅོད་བྱེད་མྱོང་ངམ། བདག་གིས་བསམས་ན་དེང་སྐབས་ཕལ་ཆེར་མེད་པ་འདྲ། རྒྱུ་རྐྱེན་དེའི་དབང་གིས་དེང་སྐབས་ཀྱི་ན་གཞོན་ཕོ་མོ་མང་བོས་རང་ཉིད་ཀྱི་མི་ཚེ་ཡི་འདུན་པ་བསྒྱུར་ནས་རྒྱུ་འབྲས་དང་མི་འཚམ་པའི་བྱ་ངན་གང་མང་ཞིག་ལ་ཞུགས་དང་ཞུགས་བཞིན་ཡོད། འདི་ལྟར་མུ་མཐུད་དུ་སོང་ན་རང་ཉིད་ཀྱི་མི་ཚེ་ལ་སྙིང་བོ་དབེན། མདོར་ན། རང་ཉིད་ཀྱི་མི་ཚེ་ཟད་གྲོན་དུ་བཏང་བ་དང་དལ་འབྱོར་གྱི་ལུས་རྟེན་འདི་ཡང་དོན་མེད་དུ་བཏང་།
        རང་ཉིད་ཀྱི་འདུན་པ་མ་བཏང་ན། གནད་དོན་དེ་དག་དངོས་ཡོད་ཡིན་ན་འདྲ། སེམས་ཁམས་ཀྱི་རྐྱེན་ཡིན་ཡང་སྲིད། གང་ལྟར་རི་རབ་བཞིན་དུ་ཆེ་ནའང་རང་ཉིད་ཀྱི་བྱ་ཐབས་ནི་དེ་ལས་ཀྱང་ངོ་མཚར་བས། དཀའ་ངལ་མཐའ་དག་ལས་བརྒལ་ཐུབ། ཆེས་མཐོའི་སེམས་ཤུགས་དང་སྙིང་རུས་ཀྱིས་རང་ཉིད་ཀྱི་ཕུགས་འདུན་ཚང་མ་འགྲུབ་ཐུབ་ལ། རང་ཉིད་སླེབས་འདོད་པའི་མཐོ་ཚད་དུ་ཐེ་ཚོམ་ཅི།
      ང་ཚོས་ལས་ཀ་ཅི་འདྲ་ཞིག་བྱས་ཀྱང་ངེས་པར་དུ་རང་ཉིད་ལ་ཡིད་ཆེས་དང་གཏན་ཚུགས་དགོས། དཀའ་སྡུག་གི་དོང་དུ་ལྷུང་ཡང་དེས་རང་ཉིད་ཀྱི་མི་ཚེའི་འདུན་པ་བསྒྱུར་དགོས་པ་མི་མཚོན། དེ་བས་རང་ཉིད་ཀྱི་སེམས་ཕུགས་ལ་མེ་ལྕེ་སྦར་དགོས། མི་ཚེ་ཡི་འདུན་པ་ནམ་ཡང་གེགས་བར་གྱིས་འདུལ་ཐུབ་པ་ཞིག་མིན། དེ་བཞིན་ང་ཚོས་རང་ཉིད་ཀྱི་མི་ཚེའི་འདུན་པ་དེ་དུས་ནམ་ཡང་རང་གི་སྙིང་ཁོང་དུ་རུམ་དགོས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།