མཚོ་ལྷོ་ཁུལ་གུང་ཧོ་རྫོང་མི་རིགས་སློབ་འབྲིང་གི་གནས་ཚུལ་མདོར་བསྡུས།

རྩོམ་པ་པོ།: ཡོང་ཁུངས།: དུས་ཚོད།:2013-05-10 17:37:00 ཀློག་གྲངས།:

མཚོ་ལྷོ་ཁུལ་གུང་ཧོ་རྫོང་མི་རིགས་སློབ་འབྲིང་གི་གནས་ཚུལ་མདོར་བསྡུས།

གཅིག   གནས་ཚུལ་མདོར་སྡུས།
དང་པོ། སློབ་གྲྭ་བཙུགས་པའི་དུས་ཚོད་དང་དགེ་བཟོ་བའི་གནས་ཚུལ་མདོར་བསྡུས།
        གུང་ཧོ་རྫོང་མི་རིགས་སློབ་འབྲིང་ནི1989ལོར་དབུ་ཚུགས་ཤིང་། བོད་རིགས་གཙོ་ཡིན་པའི་ཞག་སྡོད་ལམ་ལུགས་ཀྱི་སློབ་འབྲིང་ཞིག་ཡིན།   ད་ལྟ་དགེ་བཟོ་བ88ཡོད། ཆེད་ལས་དགེ་རྒན74དང་བཟོ་བ13སྨན་པ1ཡོད། སློབ་ལོའི་སྒྲིག་གཞི་ནི་ཞིབ་འཇུག་སློབ་མ1དང་། དངོས་གཞི་བ59དང་ཆེད་གཉེར་བ13། འབྲིང་རིམ1བཅས་ཡོད་ལ། དགེ་རྒན་གྱི་སློབ་ལོའི་ཚད་མཐུན་ཚད98.6ལ་སླེབས། མཐོ་རིམ་ལས་ཐོབ་པ25དང་འབྲིང་རིམ་ལས་ཐོབ་པ36། དམའ་རིམ་ལས་ཐོབ་པ13བཅས་ཡོད།
        ད་ཡོད་འཛིན་གྲྭ་ཉེར་བཞི་དང་། དེའི་ནང་མཐོ་འབྲིང་འཛིན་གྲྭ་གཅིག་ལ་སློབ་མ69དང་། དམའ་འབྲི་འཛིན་གྲྭ13ལ་སློབ་མ1380ཡོད། སློབ་གྲྭར་ད་རུང་ཐུན་མོང་གི་རྩ་འཛུགས་དང་ཚོགས་པ་ནི་ཏང་ཀྲུའུ་པུའུ་དང་། སློབ་གཙོ་ཁང་། སློབ་དོན་ཁང། སློབ་སྟོན་ཁང་། སྤྱི་གཉེར་ཁང་། སློབ་མ་དོ་དམ་ཁང་། གུང་གཞོན་ཚོགས་པ། བཟོ་ཚོགས། བུད་མེད་མཉམ་འབྲེལ་ཚོགས་པ་བཅས་ཡོད།
གཉིས་པ། གཞི་རྩའི་འཛུགས་སྐྲུན་གྱི་གནས་ཚུལ།
        སློབ་རྭའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ65333དང་། འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ1374.3ཡོད། དེའི་ནང་སློབ་ཁྲིད་ཐོག་ཁང་གི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ6947.56ཡོད། འཚོ་བར་བཀོལ་པའི་ཁང་བའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ6697.8ཡོད། ད་ལྟ་སྨྱན་བྱད་འདུས་མའི་སློབ་ཁང2དང་། སྤྱོད་སྒོ་སྣ་མང་གི་སློབ་ཁང1(གློག་ཀླད93ཡོད)།   སྐས་རྐང་སློབ་ཁང1དང་སྐད་གདངས་སློབ་ཁང1། དགེ་རྒན་གྱི་གློག་རྡུལ་སློབ་ཁྲིད་གྲ་སྒྲིག་ཁང1དང་ཞབས་བྲོ་སྦྱོང་བརྡར་བྱེད་སའི་ཁང་ཆེན1བཅས་ཡོད། དེ་མིན་སློབ་ཁང་དང་གཞུང་སྒྲུབ་ཁང་ཡོངས་སུ་གློག་ཀླད་དྲ་རྒྱ་མཐུད་འབྲེལ་བྱས་ནས་དེང་རབས་གློག་ཆས་སློབ་ཁྲིད་ལ་རྨང་གཞི་བཟང་བོ་ཞིག་བཏང་ཡོད།
གསུམ་པ། སློབ་གྲྭའི་བདག་གཉེར་དང་སློབ་ཁྲིད་སྤུས་ཚད།
        སློབ་གྲྭས་ཏིན་ཞའོ་ཕིན་གྱི“ཁ་ཕྱོགས་གསུམ”རྒྱུན་འཁྱོངས་བྱས་ནས། “བར་བརྒལ་གྱི་འཕེལ་རྒྱས། ཚད་ལྡན་གྱི་བདག་གཉེར། ཁྱད་ཆོས་ལྡན་པའི་སློབ་སྒྲུབ”འཕེལ་རྒྱས་ཁ་ཕྱོགས་གཞིར་བཟུང་ནས། “ཀུན་སྤྱོད་ནི་སྲོག་ཤིང་དང་། བདག་གཉེར་ནི་རྩ་བ། སྤུས་ཚད་ནི་ཚེ་སྲོག དགེ་རྒན་ནི་གནད་འགག”ཏུ་བྱས་པའི་སློབ་སྒྲུབ་བསམ་བློ་བཏོན་ཡོད་ལ། བསྟུད་མར་ལོ་མང་བོའི་རིང་ལ་མཐོ་རྒྱུགས་དང་འབྲིང་རྒྱུགས་ཁྲོད་ཁུལ་ཡོངས་སུ་སྔོན་གྲས་སུ་ཚུད་ཡོད། དེ་མིན་ཐེངས་གང་མང་ལ་ཁུལ་དང་རྫོང་རིམ་པའི་བྱ་དགའ་གནངས་མྱོང་།
གཉིས། འཕེལ་རྒྱས་ཀྱི་དམིགས་འབེན།
        ཚད་ལྡན་གྱི་དགེ་རྒན་སྐྱེད་སྲིང་དང་། ཕྱི་ནང་གི་སྒྲིག་འཛུགས་ལ་སྔར་ལས་ཤུགས་སྣོན་བྱས་ཏེ་ལོ་རིམ་མི་འདྲ་བར་དགེ་རྒན་གྱི་དམིགས་འབེན་གསར་འཛུགས་བྱས་ནས། 2008ལོར་ཞིང་ཆེན་ཡོངས་ཀྱི་དཔེ་སྟོན་རང་བཞིན་གྱི་སློབ་འབྲིང་གི་ཚད་དུ་ཐོན་པར་འབད་རྒྱུ་ཡིན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།